བཟའ་ཚང་མཐུན་འབྲེལ་གྱི་འགྱུར་བ།


༉ སྔོན་དང་ཕུ་འབད་བ་ཅིན་ བཟའ་ཚང་ནང་འཁོད་ནང་ལུ་ ཉིན་ལྟར་ལཱ་གི་དུས་ཚོད་ཡོལ་ཞིན་ན་ལས་ ཕྱི་རུའི་ལྟོ་ཟ་མ་རནམ་ཅིག་ཁར་ ཁྱིམ་གྱི་བར་ཀ་ནང་ལུ་ ཕམ་རྒན་ཤོས་ཚུ་སྒོ་སྒྲིག་རྩ་བར་བཞུགས། བུ་གཞི་ཚུ་འོག་ལས་མར་གྱལ་བཅད་དེ་ བཤད་ཐོ་གཏང་སྲོལ་ཡོདཔ་ཨིན། དེ་ལས་ནང་གི་ཨམ་གྱིས་བཞེས་སྒོ་གྲ་འགྲིག་ཚུདཔ་ཅིག་ ཨ་ལོ་ཚུ་གིས་ཕོརཔ་དང་བང་ཅུང་འཐུ། བཞེས་སྒོ་ཡབ་ཆེ་སྦུག་ལུ་བཀྲམ། བཟའ་ཚང་ཆ་མཉམ་གྱལ་བསྒོར་བསྒོམ་སྦེ་བཅད་པའི་ཤུལ་ལུ་ ནང་གི་ཨམ་གྱིས་ རྒས་གཞོན་གྱི་གོ་རིམ་དང་འཁྲིལ་ཏེ་ བཞེས་སྒོ་བླུགས་གཏང་དགོཔ་ཨིན། བཞེས་སྒོ་ཟ་བའི་སྐབས་ལུ་དོན་མེད་ཀྱི་བཤད་ཐོ་གཏང་ནི་དང་ ཕགཔ་ལྟོ་ཟ་དོ་བཟུམ་སྦེ་ཅག་ཅག་གི་སྒྲ་བཏོན་ནི་ཚུ་སྤངས་ཏེ་ ཁ་སྡམ་སྟེ་ སྒྲིག་ལམ་དང་མཐུནམ་སྦེ་ཟ་དགོཔ་ཨིན། ཟ་ཧོད་བསྡུ་ཚར་བའི་ཤུལ་ལུ་ ཨ་ལུ་ཚུ་ཕ་མའི་གདོང་ཁ་ལས་ཕར་གྱལ་བཅད་དེ་ སྲུང་གཏང་སྲོལ་ཡོདཔ་མ་ཚད་ དེའི་ནངས་པ་གི་ལཱ་སྐོར་ལས་བསྟུན་གྲོས་རྐྱབ་སྟེ་ ག་ཅི་ར་འབད་རུང་ ཐག་རང་བཅད་ཐོག་ལུ་མིན་པར་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ སྤྱིར་བཏང་གི་སྟབས་བདེ་སྡུག་དང་འཁྲིལ་ཏེ་མ་གཏོགས་ ལཱ་འབད་སྲོལ་མེད་མི་འདི་ འབྲུག་པའི་ལུགས་སྲོལ་མཐུན་མོང་མ་ཡིན་པ་ཅིག་ཨིན།
རིམ་གྱིས་འཛམ་གླིང་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་ འབྲུག་རྒྱལ་ཁབ་ནང་ཡང་ ཐ་ན་བཟའ་ཚང་ནང་ཡང་ ཕ་མའི་སྐབས་ཀྱི་ལུགས་སྲོལ་ཚུ་འགྱུར་བ་འགྱོ་དོ་ཡོདམི་དེ་ཡང་ ཕམ་སྤུན་ཆ་ཚུ་དང་མཉམ་གཅིག་ གདོང་སྐོར་རྐྱབ་ནིའི་དུས་ཚོད་རིན་ཆེན་གསེར་ལས་དཀོན་པས། ཐ་ན་བཞེས་སྒོ་ཟ་བའི་དུས་ཚོད་ལུ་ཡང་ བཞེས་སྒོ་བླུགས་འབག་སྟེ་རང་སོའི་ཉལ་ཁང་ནང་སྦེ་ཟ་སྲོལ་དར་ཁྱབ་འགྱོ་མི་འདི་གཅིག་ལས་ལྟ་བ་ཅིན་ ཕ་མ་གིས་ ཁ་བཀོད་བསླབ་བྱ་མ་བྱིན་པའི་སྐྱོན་དང་། གཉིས་སུ་ཕམ་གིས་སྐོར་གཏམ་སླབ་མི་ལུ་བསྲུན་ཏེ་ སྤྱི་སི་བཏོག་སྟེ་སོ་སོར་སྦེ་སྡོད་ནི་ལུ་གོ་སྐབས་ལེནམ་ཨིནམ་ད། གསུམ་པ་རྒྱལ་ཁབ་གོང་འཕེལ་གྱི་འགྲོས་དང་བསྟུན་ཏེ་ འབད་བཞག་དེ་བཟུམ་འདི་ བཀག་ཚུགས་པ་ལ་ཁག་གཏང་ནི་ཨིན་པས་ཟེར་ཞུ་ནི་ཨིན།
ག་དེ་སྦེ་ར་ཨིན་རུང་ ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལུགས་སྲོལ་ལུ་གོམས་འདྲིས་ཚུད་མ་བཅུག་པར་ ག་དེ་དྲག་དྲ་འབྲུག་པའི་སྔར་སྲོལ་གྱི་རིང་ལུགས་དེ་ རྩ་མེད་འགྱོ་མ་བཅུག་པར་ཡུན་བརྟན་བཞག་ནིའི་འགན་ཁག་འདི་ འབྲུག་མི་རེ་རེ་བཞིན་དུ་ཕོགཔ་ཨིན་པས་ཟེར་ཞུ་ནི་ཨིན།

ཐུགས་འཆར།