མ་སྡེ།


༡ མེ་ཕར་འཕུ།།རྒྱཝ་ཚུར་འཚིག།ཕར་ཕན་བཏགས་རུང་ ཚུར་གནོད་བཀལ། ཡང་ཅིན་ ངལ་མ་རངསམ་ཅིག་ལུ་དགྲ་དཔག་སྟེ་ གཞན་ཅིག་ལུ་སླབ་པའི་དོན།
༢ མང་དྲགསན་ཨའི་གི་ཨོམ་ཡང་དུག།
༣ ཆརཔ་ཕར་ཁ་རྐྱབ་།། ཟིལཔ་ཚུར་རེག།
༤ མེས་མེདཔ་ལྟཝ་མཐོ།། ཟ་ནི་མེདཔ་ཕོཝ་སྦོམ།། གྱོན་ནི་མེདཔ་གྱིད་ཐག་རིང་།།
༥ མེ་འཕུཝ་མགྱོགསན།། དུ་པ་ཆགསཔ་མགྱོགས།།
༦ མེ་ཏོག་ཆུང་རུང་མཆོད་པའི་ཟས།།
༧ མི་ངོ་ཚ་མེདཔ་ཁྱི་དང་འདྲ།། ཁྱི་མཇུག་མ་མེདཔ་ལྟས་ངན་ཨིན།།
༨ མི་གཅིག་དགའ་བའི་བསོད་ནམས་རྟ་གིས་ཡང་འབག་མི་ཐེག།
༩ མི་ཕྲངམ་རང་དོན་ཆད།། ཤིང་ཕྲངམ་རྩ་ལས་འགྱེལ།།
༡༠ དམག་རྐྱབ་ས་གོངམ་དཔོན་གཡོག་མེད།། རྒྱོམ་གེ་རེད་བརྡུང་སར་ཁོལ་ཇོ་མེད།།
༡༡ མི་ལུ་བཀལ་བའི་ངོ་ཚ།། རྟ་ལུ་བཀལ་བའི་ཁུར་ཆ།།
༡༢ མི་གཅིག་གི་བློ་རྩེ་ལས།། མི་གསུམ་གྱི་གྲོས་བསྡུར་དགའ།།
༡༣ རྨ་ཁ་ཕནམ་ཅིག་ཡོདན།། རོ་ཁྱིའི་ཚིལ་ལུ་ཨིན་རུང་དབུར།།
༡༤ མང་ན་རྒྱལ་བའི་གསུང་ཡང་སྐྱོ།། དྲག་ན་ཨའི་གི་ཨོམ་ཡང་དུག།
༡༥ མི་བཟང་ལུ་གོས་བཟང་མཛེས།། རྟ་བཟང་ལུ་སྒ་སྲབ་བརྒྱན་པ་མཛེས།།
༡༦ མི་མནོ་རིགས་མི་གཅིག། བྱ་སྤུ་རིགས་མི་གཅིག།
༡༧ མནོ་ས་སྟ་རེས་མི་ཕོག།དྲང་སྦུག་ཤིང་གིས་མི་གག
༡༨ མི་ལུ་སྐྱོན་མེདཔ་དང་ཤིང་ལུ་འཛེརཔ་མེདཔ་མེད།།
༡༩ མི་འཛོམས་སར་ཁ་ཕོག་མ་བཅུག། བྱ་འཛོམས་སར་སྤུ་བཏོག་མ་བཅུག
༢༠ མེ་འཕུཝ་མགྱོགསནི།།དུ་པ་ཆགསཔ་མགྱོགས།།
༢༢ མ་སླབནི་མི་ཤེས།།མ་རྐྱབནི་མི་ཕོག།
༢༣ མ་རྐྱབ་པའི་མཚམས་ཁང་ནང་།།མ་བཏབ་པའི་ལོ་ཐོག།
༢༤ མ་གཏོགསནི་ཨར་ཀུ་ལྷ་གསོལ་ས་ཡང་མ་གཏོགས།
༢༣ སྨན་ཆུང་ལྷ་ལས་ལེགས་རུང་།། མནོ་བའི་དོན་ཧིང་དགོ། བྱེ་ངོ་རིས་དང་གཟུགས་གཞི་ལུ་བལྟ་ནི་མིན་པར་ གཙོ་བོ་བསམ་པ་སེམས་བསྐྱེད་ལེགས་དགོཔ་གལ་ཆེཝ།
༢༤ མང་པའི་སྦུག་ལས་སེལ།།ཉུང་པའི་སྦུག་ལས་གདམ།།
༢༥ དམངས་ཁ་འཆམ་ན།།རྒྱལཔོ་གཡུས་བཏོན།།