ར་སྡེ།


༡ རང་གི་ཁྱིམ་ནང་རང་སྦོམ།།གྱང་བར་ནང་ཨ་དུམ་སྦོམ།།རང་མཐོང་ཆེ་བའི་ལོ་རྒྱུས།
༢ རི་མཇུག་ལས་མེ་མ་སྤརནི།།རི་མགོ་ལས་དུ་པ་མི་འཐོན།།ཁྱོད་ཀྱི་ཕུང་མ་བརྡུངནི་ ང་ཙིགཔ་ཟ་དགོཔ་མེད་ཟེར་དོ་བཟུམ།
༣ རིགས་ལུ་ཡོདཔ་ཁོང་ལུ།།ཕམ་བཀྲ་མ་ཤིསཔ་ཨིན་པ་ཅིན་ བུཚ་ཡང་ཅོག་གཅིག་པའི་དོན།
༤ རང་ཁྱིམ་ནང་རང་སྦོམ།། གྱང་བར་ནང་ཨ་དུམ་སྦོམ།།
རང་སྐལ་རྡོ་ར་ཨིན་རུང་རྨུར། །གཞན་སྐལ་མར་ཨིན་རུང་མི་བཞུ། །
༦ རང་གིས་ཉོ་བའི་ཉོ་ཆང་། །མངར་རུང་སྐྱུར་རུང་འཐུང་དགོ
༧ རང་ལེགས་པ་མི་བཏུབ།།ཆ་རོགས་ལེགས་དགོ།
༨ རང་ལུ་མེདནི་རོགས་ལུ།།རོགས་ལུ་ཡང་མེདན་ལྟས་ངན།།
༩ རྭ་མེད་སྤུ་མེད།
༡༠ རང་ཡུལ་ཟམ་པའི་འོག་ཨིན་རུང་དགའ།།
༡༡ རང་གིས་ཉོ་བའི་ཉོ་ཆང་།། མངར་རུང་སྐྱུར་རུང་འཐུང་དགོ།
༡༢ རུ་ཏོ་རྒོད་ཀྱིས་བཅག། རྐང་ཨོ་རོག་གིས་འཇིབས།། དཀའཝ་རང་གིས་སྤྱད་ འབྲས་བུ་རོགས་ཀྱིས་འཐོབ་པའི་དོན་ཨིན་པས།
༡༣ རང་གིས་བརྐྱབས་པའི་ཟམ་ལས་རང་མ་ཐལ།།
༡༤ རང་ཁྱིམ་ནང་རང་སྦོམ།། གྱང་བར་ནང་ཨ་དུམ་སྦོམ།།