དགའ་མཐུན་ལུ་ཞེན་པ།


ལྡེམ་ལྡེམ་ས་ལོའི་ལྗང་བུ། །བུམ་ཐང་ཕྱོགས་ལུ་སྐྱེས་ཀྱང་། །དཀར་དམར་ལྡན་པའི་མེ་ཏོག །རྣམ་རྒྱལ་ཆོས་གླིང་ཤར་ཚེ། །ལྷ་ཡང་ཞལ་འཛུམ་ཤོར་སོང་། །ཡིད་འོང་མཛེས་པའི་བཞིན་རས། །ཡང་ཡང་སེམས་ལུ་འཆར་ཚེ། །ས་ཕྱོགས་ག་ཏེ་སྡོད་རུང་། །ཕྱད་པའི་བསམ་པ་སྐྱེས་སོང་། །

རྩོམ་རིགས་གུ་ཨེབ།

 

ཐུགས་འཆར།