ཏ་སྡེ།


༡ སྟག་མཆོང་སར་འམ་གྱིས་མཆོངས།།འམ་རྐེདཔ་བཅག། རོགས་འབདཝ་མས་ཟེར་རང་གིས་འབད་བ་ཅིན་ ཞལ་ཐང་དཔྱངས་པའི་དོན།
༢ རྟ་ཁ་སྲབ་ཀྱིས་སྒྱུར།།ཕོ་ཁ་མོ་གིས་སྒྱུར།།ལམ་སྟོན་བསླབ་བྱ་བྱིན་ཏེ་ བཟང་པོའི་ལམ་ལུ་ཁ་ཞུགས་བཅུག་དགོ་པའི་དོན།
༣ སྟེང་རྡོ་ཡངས་ན་ འོག་རྡོ་འཕར། ཕམ་གིས་བུ་གཞི་ལང་ཤོར་གཏང་པ་ཅིན་ འགྲོས་ཀྱིས་སྦེ་རྒོལ་འོང་ཟེར་བའི་དོན་དག་ཨིན་པས།
༤ རྟ་གིས་ལྕང་མར་མནོཝ་དེས།།ལྕང་མས་རྟ་ལུ་མི་མནོ་བས།།རྟ་དང་ལྕང་མོའི་བར་ལས།།ཚལ་མའི་རྭཝ་བསྒོར་ནུག།
༥ སྟོབས་ལྷ་དང་མཉམ་རུང་།།སྤྱོད་པ་མི་དང་བསྟུན།། རང་ར་ཨིནམ་བཟུམ་བཟོ་ནི་མིན་པར་ ཀུན་དང་མཐུནམ་སྦེ་འབད་དགོཔ།
༦ ལྟོ་རྩིས་ཕ་དང་བུ།། དྲིན་ལན་ཞར་དང་ཞོར།།
༧ སྟག་མཆོང་ས་འམ་མཆོང་།། འམ་སྐེདཔ་ཆག།
༨ གཏམ་ལས་རྨ་བདེན།། རྨ་བ་རོ་བདེན།།
༩ རྟ་ཅིག་འོངན་རྟིའུ་ལས།། མི་ཅིག་འོངན་ཆུང་ལས།
༩ གཏོར་མ་དཀར་རྒྱན་མེད་རུང་།། ཞལ་ཟས་མར་གྱིས་བཞེངསམ་ཨིན།
༡༠ གཏམ་ཚིག་གསུམ་བརྡ་ལན་མ་འཇལན།། ཕ་དང་བུ་ཡང་ངོ་མི་ཤེས།།
༡༡ སྟུ་གིས་སླབན་ག་སླབ།། མཇེ་གིས་འཁྱིདན་ག་འཁྱིད།།
༡༢ རྟ་གསོ་བའི་དྲིན་རྡོག་པ་འཇལ།། རང་ཟ་བའི་བང་ཅུང་ནང་ཨ་བ་བཏང་།།