འབྲུག་པའི་སྤུངས་ཐང་བདེ་ཆེན།


འབྲུག་པའི་སྤུངས་ཐང་བདེ་ཆེན་ཟེར་མི་གཞུང་སྒྲ་འདི་ ཆོས་ཀྱི་རྒྱལ་པོ་དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ས་གནས་ཀྱི་བཀོད་པ་ཁྱད་དུ་འཕགས་པ་ དཔལ་ལྡན་འབྲུག་པའི་གདན་ས་འབྲུག་ར་ལུང་གི་ རི་མཇུག་བར་མ་ཆད་པར་མཐུད་དེ་ཡོད་པའི་གུ་ དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ ཟངས་མདོག་དཔལ་རིའི་བཟོ་བཀོད་དང་མཐུན་པའི་ དཔལ་ལྡན་འབྲུག་པའི་སྲོག་རྫོང་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་ བར་ཆད་ག་ནེ་ཡང་མེད་པ་ལེགས་ཤོམ་སྦེ་གྲུབ་པའི་རབ་གནས་དང་འབྲེལ་ཏེ་ ཆོས་སྲིད་ལུགས་གཉིས་ཀྱི་གཞུང་ འགོ་དང་པ་དབུ་བརྙེས་པའི་དགའ་སྟོན་རྟེན་འབྲེལ་བརྩི་སྲུང་ནང་འཛོམས་མི་ཆ་ཁྱབ་ཀྱིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་ཆགས་ཚུལ་གུ་གཞི་བཞག་སྟེ་ ཞབས་ཁྲའི་ཐོག་ལས་ཕུལ་ཕུལཝ་ཨིན་པའི་ཁར་ འབྲུག་གི་གཞུང་སྒྲ་ཚུའི་གྲས་ལས་ བྱིན་རླབས་ཆེ་ཤོས་དང་ སྐད་ཅན་མིང་ཅན་ཅིག་སྦེ་བརྩིཝ་ཨིན་པས།།

 

ཐུགས་འཆར།