ས་གཡོམ་བཟློག་ཐབས།


ཚར་རིག་མཁས་མཆོག་ཚུ་གིས་ འཛམ་གླིང་ནང་མ་འོངས་པར་ ག་ཅིའི་འབྱུང་ནི་ཨིན་ན་ ཧེ་མ་ལས་སླབ་ཆོག་ཆོ་ཡོད་རུང་ སྤྱིར་བཏང་འབྱུང་བ་བཞིའི་རྐྱེན་ངན་དང་ ལྷག་པར་དུ་ ས་གཡོམ་གྱི་འཇིགས་པ་ དུས་ཚོད་ནམ་འབྱུང་ནི་ཨིན་ན་ ཏན་ཏན་སྦེ་བཤད་མ་ཚུགས་རུང་། ནང་པའི་ཆོས་ནང་ལས་ གཙོ་བོ་མིའི་སེམས་རྒྱུད་ངན་པའི་དབང་ལས་བརྟེན་ཏེ་བྱུང་དོ་ཡོདཔ་སྦེ་བཤདཔ་ཨིན་རུང་ ཧ་ལམ་ཅིག་མ་འོངས་ལུང་བསྟན་ནང་ལུ་ཡང་གསུངས་ཏེ་ཡོདཔ་ཨིན་པས། 

མ་གཞི་ས་གཡོམ་འདི་ དུས་ཚོད་ད་རེས་རྐྱངམ་ཅིག་ལུ་བྱུངམ་མིན་པར་ འཇིག་རྟེན་ཆགས་པའི་སྐབས་ལས་ར་ ཕྲལ་ཕྲལ་བྱུང་ནི་ཡོདཔ་ལས་ ང་བཅས་ར་འབྲུགཔ་ཚུ་ལུ་ དེའི་རྣམ་རྟོག་དང་འདྲོགཔ་འཇིགས་འདི་ སེམས་ལས་མ་ཡལ་བར་ཡོདཔ་ཨིནམ་ལས་ ས་གཡོམ་རྐྱབ་པའི་སྐབས་ལུ་ གཞན་ག་ནེ་ཡང་འབད་ནིའི་དབང་མེད་རུང་ ཨོམ་ཨཱ་ཧཱུ་ བཛྲ་གུ་རུ་བགྱང་སྲོལ་ཡོད་མི་འདི་ རང་ལུ་རྐྱེན་ངན་མི་འབྱུངམ་མ་ཚད་ ས་གཡོམ་གྱི་བཟློག་ཐབས་ཨིནམ་སྦེ་ཡིད་ཆེས་བསྐྱེདཔ་ཨིན། དེ་མ་ཚད་ ས་གཡོམ་རྐྱབ་པའི་སྐབས་ འཛུལ་སྒོའི་ཐད་ཁར་ཡར་ལོངས་ཏེ་སྡོད་པ་ཅིན་ ཐོག་བརྡིབ་འོང་པའི་སྐབས་ལུ་ ཉེན་སྲུང་འབད་ཚུགས་པའི་ཐབས་ལམ་ཅིག་ཨིན་པས།

འོག་ལུ་ས་གཡོམ་བཟློག་པའི་ཚིག་འདི་ ཕན་ཐོགས་གནམ་མེད་ས་མེད་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ག་དེ་མང་མ་གསག་གནང་པ་ཅིན་ བསྟན་འགྲོ་ལུ་ཕན་ཐོགས་འབྱུང་ནི་ཨིན་པས།

photo4

ཐུགས་འཆར།