ཀུན་དགའ་དོན་གྲུབ་ཀྱི་ནུས་ཤུགས།


ན་ཆུང་བུ་མོའི་སེམས་ཁར། །ཨཔ་དང་ཨ་རྒས་མེད་རུང། །ཀུན་དགའ་དོན་གྲུབ་སྟོན་ཚེ། །མ་སྡོད་རང་དབང་མིན་འདུག །
འཇིག་རྟེན་དགའ་བའི་བདེ་བ། །ཚིམས་པའི་གོ་སྐབས་མེདཔ་ལས། །རང་དང་མཉམ་པའི་སྟག་ཤར། །མ་འཚོལ་རང་དབང་མི་འདུག །
སྟག་ཤར་དགའ་ཤོས་བུ་མོ། །སྨན་ཆུང་དགའ་ཤོས་ཏི་རུབ། །ཀུན་དགའ་དོན་གྲུབ་ཡོད་ན། །ཨ་རྒས་འབད་རུང་བཏུབ་པས། །
རང་ལུ་ཏི་རུ་མེད་ན། །ཉེཝ་གིས་ཞན་དོག་བལྟཝ་མས། །ཏི་རུ་རྒྱགས་ཚད་ཡོད་ན། །ཆགས་བཞག་བསྐྱེད་མི་མང་པས། །
ང་ལུ་ཉམས་མྱོང་དེ་བཟུམ་ཅིག །ཐོབ་པའི་ལོ་རྒྱུས་རྩ་ལས་མིན། །ང་གིས་ཞུ་མི་བདེན་མི་བདེན། །དབྱེ་བ་རང་གིས་དཔྱད་གནང་། །