ཀུན་གསལ་གསར་ཤོག


འབྲུག་ལུ་ རྒྱལ་ཡོངས་ཀྱི་གནས་ཚུལ་ལས་ཁང་ འགོ་དང་པ་ཅིག་ཨིན་མི་ ཀུན་གསལ་ལས་འཛིན་འདི་ སྤྱི་ལོ་༡༩༦༥གི་ལོ་ལུ་ གཞུང་གི་གནས་ཚུལ་ལས་ཁང་ཅིག་སྦེ་ གཞི་བཙུགས་འབད་ནུག  སྤྱི་ལོ་༡༩༨༦གི་ལོ་ལས་ བདུན་ཕྲག་རེའི་བར་ན་ཚར་རེ་བཀྲམ་ནི་འགོ་བཙུགས་ནུག སྤྱི་ལོ་༡༩༩༢ཀྱི་ལོ་ནང་ མི་དབང་འབྲུག་རྒྱལ་༤་པ་དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་བཀའ་རྒྱ་དང་འཁྲིལ་ཏེ་ བརྡ་བརྒྱུད་ཀྱི་མཁས་རིག་ཡར་དྲག་གི་དོན་ལུ་ ཀུན་གསལ་ལས་འཛིན་འདི་ གཞུང་ལས་ལོགས་སུ་བཏོན་ཏེ་ རང་སྐྱོང་ལས་འཛིན་ཅིག་སྦེ་བཟོ་ནུག
སྤྱི་ལོ་༢༠༠༩ཟླ་༤པའི་ཚེས་༢༧ལས་ བདུན་རིམ་གསར་ཤོག་ལས་ ཉིན་བསྟར་གསར་ཤོག་ལུ་བཀྲམ་ནི་འགོ་བཙུགས་ནུག ད་རིས་ནངས་པ་གནས་ཚུལ་ལས་ཁང་འདི་གིས་ གནད་དོན་རྒྱ་ཆེཝ་སྦེ་བསྡུ་ལེན་འབད་དེ་ རེས་གཟའ་མིག་དམར་ལས་ཉི་མ་ཚུན་ བཀྲམ་སྤེལ་འབདཝ་ཨིན།
ཀུན་གསལ་ཡིག་ཚང་ལྟེ་བ་འདི་རྒྱལ་ས་ཐིམ་ཕུག་ཅང་ཟམ་གདོང་ལུ་ཨིནམ་མ་ཚད་  བཀྲ་ཤིས་རྫོང་ཁག་ནང་ ཡན་ལག་ཡིག་ཚང་སྦོམ་ཤོས་ཅིག་གཞི་བཙུགས་ཏེ་ཡོད་ནི་འདི་གིས་ ཤར་ཕྱོགས་ལུང་ཕྱོགས་ཀྱི་དོན་ལུ་ཀུན་གསལ་དུས་ཚོད་ལུ་བཀྲམ་ཚུགས་དོ་ཡོད་མི་འདི་གིས་ གནས་ཚུལ་ལྷག་མི་ཚུ་ལུ་ཕན་ཐོགས་བྱུང་སྟེ་འདུག དེ་མ་ཚད་གཞན་རྫོང་ཁག་མང་ཤོས་ཅིག་ནང་ གནས་ཚུལ་བསྡུ་ལེན་པ་རེ་བསྐོས་ཏེ་ཡོདཔ་ཨིན།
འགྲེམ་སྒྲོམ་ཨངཿ ༢༠༤། འབྲུག་ ཐིམ་ཕུག། བརྒྱུད་འཕྲིན་ཨངཿ ༣༢༤༦༨༨/༣༢༢༤༨༨/༣༢༢༡༣༤།
པར་འཕྲིན་ཨངཿ ༣༢༢༩༧༥/༣༢༦༦༣༨།
གློག་འཕྲིན་ཁ་བྱངཿ editor@kuensel.com.bt
ཡོངས་འབྲེལ་ཁ་བྱངཿ http://www.kuenselonline.com