རྩ་ཁྲིམས་ཅན་གྱི་འདུས་ཚོགས།


དེ་ཡང་ སྤྱི་ལོ་༢༠༠༦ ལུ་ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་པོའི་གཞུང་སྦེ་ སོར་བསྒྱུར་འགོ་མ་བཙུགས་པའི་སྔོན་མར་  ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན། རྩིས་ཞིབ་ཡོངས་ཁྱབ།  རྩ་ཁྲིམས་ཅན་གྱི་ གོ་གནས་འཆང་མི་སྦེ་ བསྐོ་བཞག་གནང་མི་དང་བསྟུན་ དམངས་གཙོའི་གཞི་འགྱམ་འགོ་བཙུགས་པའི་ ནམ་དུས་ལུ་ ག་ནི་བ་གལ་ཆེ་བའི་གཙུག་སྡེ་༣གཞི་བཙུགས་གནང་ཡི།
ང་བཅས་ཀྱིས་ རྒྱབ་ལོག་བལྟཝ་ད་ འབྲུག་གི་དམངས་གཙོའི་རིང་ལུགས་ འགོ་བཙུགས་ཏེ་ ལོ་ལེ་ཤ་མ་ལང་རུང་ གཙོ་འཛིན་ཚུ་གིས་ གཙུག་སྡེ་སྒྲིང་སྒྲིང་བཟོ་ཡོདཔ་བཞིན་དུ་ གཙུག་སྡེ་དེ་ཚུ་གིས་ མི་དབང་མངའ་ཞབས་མཆོག་གི་ དབུ་ཁྲིད་བཟང་པོའི་ ལམ་སྟོན་ཐོག་ལུ་་ད་ལས་ཕར་འབད་རུང་ འཕྲོ་མཐུད་དེ་ར་ འགན་ཁུར་རྩ་ཅན་འབག་སྟེ་ དགག་བཤེར་དང་ ཚད་མཉམ་ དྭངས་གསལ་ཅན་གྱི་ཐོག་ལས་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་ཅན་བཟོ་ཚུགས་པའི་རེ་བ་ཡོད།

ཐུགས་འཆར།