བལྟ་རྒྱ་མཐོང་རྒྱ་ཆུངམ།


  • འབྱོག་པ་ལྷམ་གཅིག་ཡོདན། །བྱཱར་ཡང་བཙུགས་དགུན་ཡང་བཙུགས།།

མེས་མེདཔ་ལྟཝ་མཐོ། །ཟ་ནི་མེདཔ་ཕོཝ་སྦོམ།།

ཕྲང་སྟེ་སླབན་མི་མི་དགའ། །རྟས་ཐག་བརྡུངན་ཁྱི་མི་དགའ།།

འབྱོགཔ་རྒས་ཏེ་ཤི་རན་རུང་། །ད་དཀར་ལའི་ཕུ་མ་ཆོད། །

རང་གི་ཁྱིམ་ནང་རང་སྦོམ། །བྱག་བར་ན་ཨ་དུམ་བང་། །

ལ་སྒོན་ཐེ་མ་བརྒལ། །བྱེ་དངས་ར་མ་ཤག །

ཟ་བའི་ཁ་ཡོད་པ། །བཅད་པའི་སོ་མེད། །

ཙིགཔ་ཀི་ཤི་ལུ་ཟ། །ཧྲ་ཧྲོག་མེ་བཏང་། །

ལམ་གོམས་གསུམ་འགྲོ་ལམ་མ་གཤགན། །ལ་ལུང་པ་གཉིས་ཀྱི་རིང་ཐུང་ཧ་མི་གོ །

བྱི་ཙི་མེད་པའི་གཡུས་ཁར། །བྱི་ལི་ལྟཝ་མཐོ། །

ཐུགས་འཆར།