ཕ་སྡེ།


༡ ཕ་སླབ་པའི་ཁ་ལུ་མ་ཉན།། བུ་རུས་སྦལ་ཁ་ལས་ཤིང་ཤོར།།
༢ ཕ་ཤིན་བུ་སྒོ་ཡངས།།
༣ ཕ་བཟང་གི་བུ་དང་།། གྱི་བཟང་གི་ཤུབས།།
༤ ཕམ་ཞན་པའི་བུ་ཚུ།། བླམ་ཞན་པའི་སློབམ།།
༥ ཕྲང་སྟེ་སླབན་མི་མི་དགའ།། རྟས་ཐག་བརྡུངན་ཁྱི་མི་དགའ།།
༦ ཕག་པའི་མིག་ཁར་ཨ་བ་ལེགས།།                 
༧ ཕྱི་མ་དགཔ་ཆུ་གིས་བཤལ།། ནང་མ་དགཔ་གཏམ་གྱིས་བཤལ།།
ཕོ་ཁ་མོ་གིས་བསྒྱུར།། རྟ་ཁ་སྲབ་ཀྱིས་བསྒྱུར།།
༩ ཕར་རྐྱབ་པའི་སྟྭ་རེ་བ།། ཚུར་ལོག་པའི་ཞོག་ཀོ་ཤུགས་ཆེ་བས།།
༡༠ ཕྱུག་པའི་བུ་ཚུ་ཁ་མ་ཡངས།། ཞན་པའི་བུ་ཚུ་ལགཔ་མ་ཡངས།།
༡༡ ཕ་ཡུལ་ལ་རྟ་བརྒྱ་ཐམས་པ་ཡོད།། ང་རང་འགྱོན་རྐང་ཐང་།།
༡༢ ཕ་ཤུལ་བུ།། གཡག་ཤུལ་ཀོཝ།།