འབྲི་ལྷག་གི་ཁྱད་པ།


ཡིགུ་འབྲིའི་སྐབས་ལུ་ བྱ་བྱེད་ལས་གསུམ་དང་ སྔོན་འཇུག་རྗེས་འཇུག་གི་ཐོབ་ལམ་ཚུ་ བརྡ་སྦྱོར་དང་མཐུནམ་སྦེ་མ་འབྲི་བ་ཅིན་ བརྡ་དོན་ཕྱི་འགྱུར་སྦེ་ གོ་བརྡ་འཛོལ་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ ག་དེ་དྲག་དྲག་དབྱེ་དཔྱད་གནང་དགོཔ་འདུག

ཞལ་འཛོམས་ནང་ལུ་གསལ་བཤད་དང་ བློ་སླབ་པའི་སྐབས་ལུ་ རྗེས་འཇུག་བ་དང་མ་རྐྱངམ་ཅིག་མ་གཏོགས་ གཞན་མི་ཚུ་ སྒྲ་ཞན་པ་སྦེ་སླབ་དགོཔ་ཨིན་རུང་། ག་དེམ་ཅི་སྦེ་རྗེས་འཇུག་གི་སྒྲ་ཤུགས་བཏོན་པ་ཅིན་ ངག་གཤིས་དང་མ་མཐུནམ་ལས་རྗོད་སྒྲ་མ་དགཔ་སྦེ་གོཝ་ཨིན་པས། དཔྱེ་འབདན་ དག་ཏོག་ཏོ་ཟེར་ལྷག་པའི་སྐབས་ རྗེས་འཇུག་ག་གི་སྒྲ་ཤུགས་བཏོན་པ་ཅིན་ རྗོད་སྒྲ་མ་དགཔ་སྦེ་གོ་དོ་ཡོདཔ་བཟུམ་ མིང་ཚིག་མང་རབས་ཅིག་ཡོད་རུང་ ཡིགུ་མང་པས་ཟེར་མནོ་སྟེ་འདི་ནང་མ་འབྲི།

སྤྱིར་བཏང་སྐད་དང་ལྷག་པར་དུ་ ཨིང་སྐད་ཀྱི་མིང་ཚིག་ལ་ལུ་ཅིག་ ཡིག་སྡེབ་དང་མ་འཁྲིལ་བའི་སླབ་ཐངས་སོ་སོར་ཡོད་དོ་བཟུམ་སྦེ་ རྫོང་ཁའི་ངག་གཤིས་ནང་ཡང་ཡོདཔ་ལས་ གཞན་མཁྱེན་མི་ཚུ་ལུ་འདྲི་སྟེ་དབྱེ་དཔྱད་མཛད་དགོཔ་འདུག་ཟེར་ཞུ་ནི་ཨིན།

ཐུགས་འཆར།