མཁས་དབང་ལེགས་བཤད་རྒྱ་མཚོའི་མྱུར་འབྱོན་གསོལ་འདེབས།


༈ ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཆོས་ཀྱི་རྗེ། །ངེས་ལེགས་ཐར་པའི་ལམ་སྟོན་དགེ་བའི་བཤེས། །མཚུངས་མེད་མཆོག་གྱུར་བསྟན་པའི་རྒྱལ་མཚན་ཆེ། །ལེགས་བཤད་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཡོན་ཏན་དམ་པའི་ཆ་ཤས་རབ་རྫོགས་ཏེ། །ལེགས་བཤད་འོད་ཀྱིས་བསྐལ་བཟང་འགྲོ་རྣམས་ཀྱིས། །ཤེས་རབ་རྒྱ་མཚོ་འཕེལ་བའི་གཉེན་གཅིག་པུ། །འདྲེན་མཆོག་སྨྲ་བའི་ཟླ་བར་གསོལ་བ་འདེབས། །དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས། །མགོན་ཁྱོད་ཆོས་ཀྱི་དབྱིངས་སུ་མི་མནལ་བར། །སླར་ཡང་བསྟན་དང་འགྲོ་བའི་སྤྱི་དཔལ་དུ། །གཟུགས་སྐུ་སྤྲུལ་པའི་ཟླ་ཞལ་མྱུར་བྱོན་གསོལ། །སྔར་གྱི་ཞབས་བརྟན་འདི་ཉིད་མྱུར་འབྱོན་གསོལ་འདེབས་སུ་ཁ་བསྒྱུར་བའོ།།