ག་སྡེ


༡ སྒ་ཟནི་སྒོགཔ་དྲན། ལཱ་གཅིག་འབདནི་ གཞན་ཅིག་འབད་དགོ་མནོ་སྟེ་ བཏགས་སར་བཀལ་མ་ཚུགས་པའི་དོན།
༢ རྒྱང་གི་གཉེན་ཉེཝ་བ་འདི། གདང་རའི་ཁྱིམ་མཚེས་དགའ།། རང་གི་ཕམ་སྤུན་ཆ་ཚུ་གཡུས་ཁར་དང་ ལ་ལུ་ས་ཐག་རིང་སར་ཨིནམ་ལས་ རང་ལུ་ནཝ་ཚཝ་དང་ སྟབས་མ་ ་བདེཝ་འབྱུང་པའི་  ནམ་དུས་ལུ་ སྦོ་ལོགས་ཁ་ཡོད་པའི་ཁྱིམ་མཚེས་ཚུ་གིས་ཕན་ཐོགས་བྱུང་པའི་དོན།
༣ གྱོས་མི་ལུ་འདྲི།།ཐག་རང་གིས་བཅད།།
༤ གོང་མའི་བཀའ་འབགན་རི་བ་ལྕི།། འབོརན་གསེར་བས་ཕངས།།
༥  སྒོང་ཕུག་ནང་གི་མདའ་གཞུ།། བཀང་ས་ཡོད་རུང་རྐྱབ་ས་མེད།།
༦ གྱོས་མི་ལུ་དྲིས།། ཐག་རང་གིས་བཅད།།
༧ དགྲ་ཆུང་དུས་ལས་བཏུལ།། མེ་ཆུང་དུས་ལས་བསད།
༨ གྱི་དང་ཕོརཔ་གློ་ལུ་བཞག། ཆང་དང་འཐབ་མོ་ག་འཕྱད་མེད།།            
༩ སྒོམ་ཆེན་མ་ཤི་ཚེ་རིང་།། གནས་སྐོར་བསྐོར་བའི་དུས་ཅིག་འོང་།།
༡༠ རྒྱལ་པོའི་བཀའ་ལུ་ལན་གཅིག་མ་གཏོགས་ལན་གཉིས་མེད།།
༡༡ རྒྱལ་པོའི་བཀའ་དང་རི་གཟར་གྱི་འབབ།།
༡༢ གནམ་དང་རྒྱལ་པོའི་ཚོད་མི་མཐོང་།།
༡༣ སྒོགཔ་བཙུགཔ་དེས་རང་གིས་བཙུགས།། ལ་ཕུག་འབལཝ་དེས་རོགས་ཀྱིས་འབལ།།
༡༤ འགྲོས་ཀྱི་འགྲོས་ཀྱི་འགྱོནི་ བོང་ཀུ་གིས་ཡང་ལྷ་ས་བསྐོར་བའི་དུས་འོང་།།
༡༥ མགུ་རུལ་བ་ཧང་གིས་མ་ཚོར།།
༡༦ མགུ་འཁྱུ་བ་གདོང་དགཔ།།
༡༧ སྒོགཔ་རང་གིས་ཟ་ན་ཁ་ཚ།། རོགས་ཀྱིས་ཟ་ན་མིག་ཚ།།
༡༨ དགྲ་རྡོག་པའི་རྩ་བ་ལས་ལོང་།།
༡༩ གླང་རྒྱ་ཚ་ཨ་བ་ལམ་ལྟག་ལུ་ཡང་གཏང་འོང་།། ལམ་འོག་ལུ་ཡང་གཏང་འོང་།།
༢༠ རྒས་ཁར་ཕན་པའི་བུ་གཞི།། འཆི་ཁར་ཕན་པའི་ལྷ་ཆོས།།