ཆ་སྡེ།


༡ ཆུ་འགྱོ་བའི་ཞོར་ཁར་རང་འཐག་འདྲུད།། རང་ལུ་ཉེས་པ་ག་ནེ་ཡང་མེད་རུང་ ཆ་རོགས་ཀྱི་ཞོར་ལས་ ཉེ་ལས་འཐབ་པའི་གྲས་ཁར་ཚུད་པའི་དོན།
༢ ཆུ་མོའི་གཞུང་ཁར་ཉ་མོའི་ཕོཝ་བཀལ།། སྐྱིད་སྡུག་ག་ནེ་ཡང་མ་སྲིད་པར་ ཉམས་དགའ་ཏོག་ཏོ་ཡོད་པའི་དོན།
༣ ཆརཔ་ཕར་ཁར་རྐྱབ།།ཟིལཔ་ཚུར་ཁར་རེག། ཆ་རོགས་ཀྱིས་གཞན་གྱི་སྐོར་ལས་ སྐྱོན་སློངམ་ད་ དོན་རང་ལུ་ཕོག་པའི་དོན།ཆ་རོགས་ཞན་པ་ཨ་དྲི་བསྣམ།། ཆ་རོགས་ངན་པའི་ཞོར་ལས་ རང་ཡང་སྟབས་མ་བདེཝ་ནང་ཚུད་པའི་དོན།ཆརཔ་ཆུ་ཡི་གྲོགས།།
༤ ཆུ་མ་བརྒལ་ཟམ་པའི་སྦུག། ལ་མ་བརྒལ་ལ་རྩེའི་སྦུག།
༥ འཆམ་ཚེ་ཧིང་གཏམ་མ་བཤད།། རྒྱགས་ཚེ་ཁ་ལན་མི་འབྱོར།།
༦ ཆང་མར་འཛུལ།། གཏམ་ཡར་འཐོན།།
༧ ཆུང་ཚེ་ཀ་ཁ་མ་ལྷབན།། སྦོམ་ཚེ་ཡིག་ངོ་མི་ཤེས།།  
༨ ཆོས་རང་གིས་འབད་སངས་མ་རྒྱསན།། རོགས་ཀྱིས་འབད་སངས་མི་རྒྱས།།
༩ ཆུ་མ་འོངམ་ལས་གཡུར་བ།། ནད་མ་འོངམ་ལས་རིམ་གྲོ།།  
༡༠ ཆུ་འགྱོ་བའི་ཞོར་ཁར་རང་ཐག་འདྲུད།། རྒྱོམ་གེ་རེད་བརྡུང་པའི་ཞོར་འབུབ་བསད།།
༡༡ ཆུ་མེད་པའི་ཟམ་རྐྱབ།། ཁག་མེད་པའི་འགན་འབག།
༡༢ ཆུ་ཡོད་སར་ཆརཔ།། ས་དྲོ་སར་ཉིམ།།
༡༣ ཆོས་དང་འཇིག་རྟེན་གང་ལ་ཡང་།། སྙིང་རུས་བསྐྱེད་ན་འབྲས་བུ་འབྱུང་།།
༡༤ ཆུ་ཚར་གཅིག་བརྒལ་བ།།ལྷྭམ་ཚར་གཉིས་ཕུད་དགོཔ་མེད།།
༡༥ ཆུ་དང་མ་ཕྱདཔ་ལས་ལྷྭམ་ཕུད།།
༡༦ ཆརཔ་ཆུའི་གྲོགས།།