སྤྱི་ལོ་བརྩི་སྲོལ།


༉ སྤྱི་ལོ་བརྩི་སྲོལ་དེ་ཡང་ འཛམ་གླིང་རྒྱལ་ཁབ་སྤྱིར་བཏང་གིས་བརྩིས་སྲོལ་ཡོད་པའི་ལོ་ཅིག་ཨིནམ་ལས་ སྤྱི་ལོ་ཟེར་ཡོངས་གྲགས་སོང་ནུག།  དེ་ཡང་འཛམ་གླིང་ནང་ ཁ་ཆེའི་ཆོས་ལུགས་དང༌། སངས་རྒྱས་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་ཚུ་ འཛམ་གླིང་གི་ཆོས་ལུགས་ཡོངས་གྲགས་ཡོད་མི་གསུམ་ཡོད་ས་ལས་ ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་མ་ཤི་ཀ་འཁྲུངས་ལོ་འདི་ སྤྱི་ལོའི་ཧེ་མ་གི་ལོ་གྲངས་བདུན་ཅུ་དོན་བདུན་ལུ་ རིགས་ལྡན་གསུམ་པ་བཟང་པོ་ཁྲིར་བྱོན། འདིའི་ཁྲི་ལོ་བདུན་ཅུ་དོན་བརྒྱད་ལངམ་ད་མ་གཏོགས་ སྤྱི་ལོ་བརྩི་སྲོལ་འགོ་མ་བཙུགས་པས། ད་ལྟོ་སྤྱི་ལོ་ཉིས་སྟོང་ཁལ་གཅིག་གཉིས་ལུ་ལྷོད་དེ་ཡོད།

ག་ཅི་ལས་བརྟེན་ཏེ་ཡེ་ཤུ་གི་ལོ་འདི་ འཛམ་གླིང་སྤྱིའི་ལོ་སྦེ་བརྩིས་དགོཔ་ཨིན་ན་ཟེར་བ་ཅིན་ ཡེ་ཤུ་གི་སྐད་ཡིག་ཨིང་ལིཤ་འདི་ འཛམ་གླིང་རྒྱལ་ཡོངས་ཀྱི་ཁ་སྐད་ཨིནམ་ལས་ སྤྱི་ལོ་བརྩི་དགོ་མི་དེ་ཡང་དེ་ལས་བརྟེན་ཏེ་ཨིན་པས།

ང་བཅས་རའི་རྒྱལ་ཁབ་འདིའི་སྐྱབས་མགོན་དམ་པ་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་རིན་པོ་ཆེ་དགོངས་པ་རྫོགས་ཞིནམ་ལས་ རང་ལུགས་ཀྱི་འདས་ལོ་བརྩི་དགོཔ་འདི་ཁག་ཆེ་བར་གཟིགས་ཏེ་ སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་གིས་མཛད་མི་གསུང་འབུམ་ཚུའི་ནང་ རང་ལུགས་འདས་ལོ་དང་ སྤྱི་ལོ་སྦྲགས་བཙུགས་གནང་ཡོད་རུང་ ད་ལྟོ་མང་ཤོས་ཅིག་གིས་ གསེར་རང་ལུ་བཞག་ རག་རོགས་ལས་འཚོལ་ཏེ་ འདས་ལོ་གཙོ་བོར་བཏོན་སྲོལ་མིན་འདུག།

དེ་སྦེ་ཨིན་ནི་འདི་གསི་ ཞིབ་འཚོལཔ་དང་རྩོམ་འབྲིཔ་ཚུ་གིས་ སྤྱི་ལོ་རྐྱངམ་ཅིག་མིན་པར་ རང་ལུགས་འདས་ལོ་ཡང་གཅིག་ཁར་བཙུགས་ཚུགས་པ་ཅིན་ རྒྱལ་ཁབ་རང་བཙན་དང་ མ་འོངས་བུ་བརྒྱུད་ཚུ་གིས་ རང་གི་རྒྱལ་ཁབ་ལུ་ཤ་ཞེན་བསྐྱེད་ཚུགས་ནི་མས་ཟེར་ཞུ་ནི་ཨིན།