རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་ཞབས་བརྟན།


༈ ཨོཾ་སྭསྟི། དོན་བརྒྱུད་གདམས་པའི་བྱིན་རླབས་ཆུ་བོའི་རྒྱུན། །ཐུགས་ཀྱི་བུམ་པར་བསྐྱིལ་ནས་གསང་ཆེན་གྱི། །སྨིན་གྲོལ་བདུད་རྩི་མཆོག་སྩོལ་རིགས་ཀྱི་བདག །འབྲལ་མེད་བདེ་ཆེན་རྒྱན་དུ་འཚོ་གཞེས་གསོལ། །མང་ཐོས་གདམས་པར་ཤར་བའི་དྲི་གཞོན་གྱིས། །སྒྲིབ་སྤྲིན་མཐར་བྱེད་ཟག་མེད་ཡོན་ཏན་ཀུན། །ཕྱིར་གསལ་ནང་གི་ཉི་མ་འོད་པོ་ཆེ། །མངོན་གྱུར་སྐྱབས་ཀྱི་དམ་པ་འཚོ་གཞེས་གསོལ། །བདག་ཅག་ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །ཡེངས་མེད་དྲན་པའི་རྒྱ་ལས་མི་འདའ་བར། །རང་རིག་ཡང་དག་དོན་གྱི་བླ་མ་དང༌། །མི་འབྲལ་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །ཅེས་པ་འདིའང་དགེ་རིན་པསོ།།