དབྱེ་དཔྱད།


༉ ང་ར་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ ཞིབ་འཚོལ་འབད་དེ་ ཡིག་ཐོག་ལུ་བཀོད་ཞིནམ་ལས་ མི་མང་ལུ་བཀྲམ་ནིའི་རེ་འདོད་སྦོམ་ཡོད་མི་ཅིག་ཨིན་རུང་། ལྟོ་རྐངམ་ལག་པ་གིས་འཚོལ་ཟ་མི་ཅིག་ཨིན་ནི་འདི་གིས་ དུས་ཚོད་མང་སུ་ གཞུང་གི་ཕྱག་ཞུ་དགོཔ་ད་ དྲོ་པ་ཕྱི་རུ་ཟ་ཡི་ལྟོ་ལས་ཕྱེ ཉལ་བའི་གཉིད་ལས་ཕྱེ་སྟེ་ ཉམས་མྱོང་གིས་ཕྱུག་པའི་རྒན་རབས་ཚུ་ལས་ཁ་རྒྱུན་བསྡུ་ལེན་འབད་མི་ཚུ་ ཡིག་ཐོག་ལུ་བཀོད་དེ་ཡོད་མི་འདི་གིས་ སྤྱིར་བཏང་ལུ་ཕན་ཐོགས་འབྱུང་མ་ཚུགས་རུང་། ང་རང་བཟུམ་རེམ་གཉིསམ་ལུ་ ཕན་ཐོགས་འབྱུང་པའི་རེ་བ་ཡོད་ཟེར་ཞུ་ནི་ཨིན།།