ཀ་སྡེ།


༡ ཀོཝ་ཉི་མའི་དྲོད་དང་བསྟུན་འཕུར།། ཐངམ་ཉི་མའི་དྲོད་དང་བསྟུན་ཏེ་བརྡལ།།
༢ རྐངམ་ཕར་ཁ་བརྐྱང་།། ཉིམ་ཚུར་ཁ་སྲོ།།
༣ བཀལ་ས་བཀལ་དགོ་མནོཝ་ད།།རྫ་མ་ཧང་ཁར་མི་ཆགས།།
༤ སྐེ་ལུ་བཏགས་པའི་ལྦའུ།། ཕར་ཕུད་རྐྱབ་ས་མིན་འདུག།
༥ སྐྱེས་ཚད་བུ་ལུ་མི་འགྱུར།། བསགས་ཚད་ནོར་ལུ་མི་འགྱུར།།
༦ སྐྱེསཝ་ཁྱོད་མགྱོགས་རུང་།། དྲནམ་བཏགསཔ་ང་ཧ།།
༧ སྐྱིདན་ནམ་མཁའི་བྱ་ཡང་འཁོར།། སྡུགན་མཆན་གྱི་བུ་ཡང་སྤང་།།
༨ ཀ་ཁ་ག་ང་མི་ཤེས།།བཀའ་འགྱུར་བསྟན་འགྱུར་ཐ་ར་ར།།