སྤ་རོ་སྐྱེར་ཆུ་ལྷ་ཁང་།


རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ མིའི་གཟུགས་སུ་བྱོན་མི་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྤ་རོ་སྐྱེར་ཆུ་ལྷ་ཁང་ནང་བཞུགས་པའི་སྐབས་ལུ་ བཀའ་སློབ་ནང་མི་ནང་ ཆོས་རྒྱལ་སྲོང་བཙན་སྒམ་པོ་གིས་ བསྟན་འགྲོའི་མཐའ་དོན་ལུ་ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་པའི་གྲས་ལས་གཅིག་ སྤ་རོ་སྐྱེར་ཆུ་ལྷ་ཁང་འདི་ཨིནམ་ལས་ རྒྱལ་ཁབ་ནང་བྱིན་རླབས་ཅན་དང་རྩ་ཅན་ཅིག་ཨིན་མི་འདི་ མི་མང་སྤྱིར་བཏང་གིས་ཧ་གོ་ཐབས་ལུ་ ལ་ཁག་སྦེ་བཤད་པ་རྐྱབ་མི་བ་འདི་ ཞབས་ཁྲའི་ཐོག་ལས་སྦེ་དར་ཁྱབ་གཏང་ཚུགས་པ་ཅིན་ རང་དབང་མེད་པ་ར་དད་མོས་བསྐྱེད་ཚུགས་པའི་དགོས་པ་སྦོམ་ཡོདཔ་ལས་ ལྷ་ཁང་གི་བཤད་པ་ཚུད་པའི་ཞབས་ཁྲ་ཅིག་བརྩམ་དགོ་པའི་བཀའ་གནང་མི་དང་བསྟུན་ཏེ་ ཚིག་དང་གདངས་གཉིས་ཆ་ར་ སློབ་ཚེ་བརྟན་རྡོ་རྗེ་གིས་བཟོ་སྟེ་དར་ཁྱབ་བཏང་བཏངམ་ཨིནམ་སྦེ་བཤདཔ་ཨིན་པས།