སྐུ་གཟུགས་རྒྱང་བསྒྲགས་ལས་ཁང་།


kuzologo
རྒྱལ་ཁབ་ནང་ རེ་ཌིའོ་རྒྱང་བསྒྲགས་ལས་ཁང་ སྦོམ་ཤོས་གཉིས་པའི་ནང་ཚུད་མི་ སྐུ་གཟུགས་རྒྱང་བསྒྲགས་འདི་ སྤྱི་ལོ་༢༠༠༦ སྤྱི་ཟླ་༩པའི་སྤྱི་ཚེས་༢༨ལུ་ འགོ་བཙུགས་ནུག།
རྒྱང་བསྒྲགས་འདི་ གཞོན་ཅུང་ཚུ་གིས་སྙན་ཆ་ཉན་ནི་དང་ རང་གི་མནོ་མི་ཚུ་གཞན་ལུ་བཤད་ས་ དེ་ལས་ སོ་སོའི་ཉམས་མྱོང་ཚུ་ བརྗེ་སོར་འབད་སའི་ ས་གོ་ངོ་མ་ཅིག་ཨིན།
སྐུ་གཟུགས་རྒྱང་བསྒྲགས་འདི་ མི་སེར་ལས་འགུལ་འགོ་དང་པ་ཨིན། ལས་ཁང་འདི་ མི་དབང་མངའ་བདག་རིན་པོ་ཆེའི་དྲུང་ཆེན་ཡིག་ཚང་གི་ དབང་ཁྱབ་འོག་ལུ་ཚུད་དོ་ཡོདཔ་ད་ སྤྱི་ལོ་༢༠༠༨ཀྱི་ལས་ རང་སྐྱོང་ལས་ཚོགས་ཅིག་སྦེ་བསྒྱུར་བཅོས་གནང་ནུག འདི་གིས་ རྒྱལ་ཡོངས་སྐད་ཡིག་དང་ཨིན་སྐད་གཉིས་ནང་སྦེ་ གནས་ཚུལ་དང་གནད་དོན་སྣ་ཚོགས་ཀྱི་བརྡ་དོན་དང་ ལས་རིམ་ཁག་མ་འདྲཝ་ཚུ་ ཉིན་ལྟར་བཞིན་ དུས་ཡུན་ཆུ་ཚོད་༢༤གི་རིང་ རྒྱང་བསྒྲགས་འབདཝ་ཨིན།
  •  འགྲེམ་སྒྲོམ་ཨངཿ ༤༡༩། འབྲུག་ ཐིམ་ཕུག
  • བརྒྱུད་འཕྲིན་ཨངཿ ༣༣༥༢༦༤།
  • པར་འཕྲིན་ཨངཿ ༣༣༥༢༦༣།
  • ཡོངས་འབྲེལ་ཁ་བྱངཿ http://www.kuzoo.net