བསམ་པ་གཙོ་ཆེཝ།


བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།།

ཟླ་བ་དུང་ལས་དཀར་རུང་།། སེལ་བའི་མེ་ཆག་དགོ །

སྨན་ཆུང་ལྷ་ལས་ལེགས་རུང་།། མནོ་བའི་དོན་ཧིང་དགོ།

གདོང་དཀརཔོ་ཨོག་ཁང་ནང་གི་བ་ཡང་ཡོད། །

སེམས་ལས་ངན་པའི་དུག་ཆུ་འཛག། དཀར་བའི་དགའ་འཛུམ་ཕྱི་ལས་བཏོན།།

ལེགསཔ་ཧིང་ཁར་མ་མནོ། །ཟོགཔ་ཁ་ལས་མ་འཐོན། །

སེམས་ཁར་མནོན་དུག། ཁ་ཐོནན་སྨན།།

གསེར་རང་ལུ་ཡོདན།། རག་ག་ལས་ཡང་ཐོབ།།

བློ་གཏད་པའི་མི་གིས་ཧིང་བརྐུ།།

སེམས་རང་སེམས་བ་གསལཝ་མེད།། ཆུ་དགུན་ཆུ་བ་དྭངསམ་མེད།།

བཟང་པོའི་ཁོག་པར་གདུང་ཡང་ཤོང་།། ངན་པའི་ཁོག་པར་ཁབ་ཡང་མི་ཤོང་།།

ཁབ་རྩེ་གཉིས་ཀྱིས་བཙེམ་མི་བཏུབ།། བློ་རྩེ་གཉིས་ཀྱིས་དོན་མི་གྲུབ།།

སེམས་ཀྱིས་མནོ་ཚད་མ་འབད།། ཁ་ལས་འཐོན་ཚད་མ་སླབ།།

མི་མནོ་རིགས་མི་གཅིག། བྱ་སྤུ་རིགས་མི་གཅིག།

ཐུགས་འཆར།