རྒྱལ་ཡོངས་སྐད་ཡིག


འཛམ་གླིང་རྒྱལ་ཁབ་ག་ཏེ་ཡང་ རང་སོའི་རྒྱལ་ཁབ་ཀྱི་ངོ་རྟགས་ རྒྱལ་ཡོངས་སྐད་ཡིག་ཅིག་ཡོད་དོ་བཟུམ་སྦེ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ཡང་ རྫོང་ཁ་འདི་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་སྦེ་ངོས་འཛིན་གནང་ཞིནམ་ལས་ཚུར་ གཞུང་འབྲེལ་གྱི་ཡིག་ཆ་ཚུ་ རྒྱལ་ཡོངས་སྐད་ཡིག་ཐོག་ལུ་གནང་དགོ་པའི་ལམ་ལུགས་བཟོ་གནང་པའི་ཁར་ འདིའི་ནང་ལས་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ཡང་ རྫོང་ཁ་འདི་འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཨིནམ་སྦེ་ཚུད་དེ་ཡོདཔ་ཨིན། དེ་འབད་ནི་འདི་གིས་ རྒྱལ་ཡོངས་སྐད་ཡིག་གཅིག་མཚུངས་སྦེ་ དར་ཁྱབ་གཏང་ནི་དང་ མི་མང་གིས་དང་འདོད་བསྐྱེད་བཅུག་ནིའི་ཐབས་ཤེས་བཏོན་དགོཔ་ཨིན།

%d bloggers like this: