བ་སྡེ།


༡འབྱོགཔ་རྒས་ཏེ་ཤི་རན་རུང་།།དར་དཀར་ལའི་ཕུག་མ་ཆོད།།ལྟ་རྒྱ་མཐོང་རྒྱ་ཆུང་པའི་སྐྱོན།
༢ བོནམོ་རྔ་དང་བསྟུན་པའི་འཆམ།། ཕར་ལོགས་མའི་ཚིག་དང་འཁྲིལ་ཏེ་ལན་འཇལ་ནི།
༣ བྱ་ཏེ་ཕག་ཤི་བ་ལུངམ་མི་སྟོང་།། མི་ཅིག་མེད་པ་གིས་བཀལ་ས་ག་ནེ་ཡང་བཀལ་མི་ཚུགས། ནག་བྱེ་གང་གི་སྦུག་ལས་ནག་རྡོག་གཅིག་ཡལ་བ་ རྒྱལ་ཕམ་བརྩི་མི་ཚུགས་ཟེར་བའི་དོན།
༤ བླམ་བྱོན་དགོཔ་བྱོན། །བསངས་གཏང་དགོཔ་བཏང་། །
༥ བླམ་བྱོན་ཚརཝ་ད་བསངས་གཏང་། །དོམ་རྒྱབ་ཐལཝ་ད་དཔའ་རྟགས་འབལ། །
༦ བུ་རིག་པའི་ཁོངས་ལས་མ་ཤརན།། ཡུམ་ཨ་མའི་བསྐོར་གཏམ་དོན་མེད་ཨིན།།
༧ བུ་མཁས་རུང་ཕ་མའི་བསླབ་བྱ་དགོ། ཚོང་མཁས་རུང་སྔོན་བསགས་བྱིན་འབྲས་དགོ།      
༨ འབྱོགཔ་ཆང་གིས་བགྲང་རུང་།། བ་དང་བེའུ་ངོ་མི་འཛོལ།།
༩ འབྱོགཔ་ལ་གཡག་གླིང་གཞི་མར་གྱི་མཛོད།། གཏོརམ་དཀར་རྒྱན་མེད་པར་ཧམ་ཐལ་ཐལ
༡༠ འབྱོག་པ་ལྷམ་གཅིག་ཡོདན།། བྱཱར་ཡང་བཙུགས་དགུན་ཡང་བཙུགས།།
༡༡ བྱ་རྒསཔ་དང་ཤིང་།། མི་རྒསཔ་དང་ཡུལ།།
༡༢ བློ་དག་པའི་མི་ལུ་དོགས་པ་མེད།།
༡༣ བློ་རོགས་ཀྱིས་བཙོང་ན་ཕྱེད་ཀ། རང་གིས་བཙོངན་ཧྲིལ་བུ།།
༡༤ བློ་ཕྲང་སླབ།། ལམ་བསྐོར་འགྱོ།།    
༡༥ འབད་བྱིནམ་བ་སྟོནམ་བྱིནམ་དྲག།
༡༦ བྱིན་གེ་ཟེར་བ་དགའ་མི་དགོ། ཕྱད་གེ་ཟེར་བ་འདྲོག་མི་དགོ།
༡༧ འབྱོགཔ་མི་མེན།། ཁན་པ་ཤིང་མེན།།

༡༨ སླབ་མ་ཉན་ཤིིང་རྣམ་ཅོ། །སྐྱོ་མ་ཆད་གླང་མི་བུ་བརྒྱུད།།

༡༩ བྱ་ཐལ་གདངས་ལས།།ཉ་ཐལ་ཆུ་ལས།