རྒྱལ་ཡོངས་སྐད་ཡིག >


རྒྱལ་ཡོངས་ཁ་སྐད་ ཡིག་ཐོག་ལུ་འབྲི་ནི་འདི་ ཧེ་མ་དང་ཕྱདཔ་ད་ ད་རིས་ནངས་པ་ཡར་རྒྱས་སོང་ཡོད་རུང་ རྫོང་ཁ་སླབ་ནིའི་ཐད་ལུ་ ངག་གཤིས་དང་མ་མཐུནམ་དང་ ཁ་སྐད་སླ་བསྲེས་སྦེ་སླབ་ནི་འདི་ ལོ་གཅིག་ལས་ལོ་གཅིག་དར་ཁྱབ་འགྱོཝ་ཨིན་པས།
མ་གཞི་རྫོང་ཁ་སླབ་ནི་སྒྲ་དག་ཤོས་འདི་ རྫོང་ཁག་དང་ལུང་ཕྱོགས་ག་ཏེ་ལུ་ཆ་བཞག་ནི་ཨིན་ན་ ཐད་རི་བ་རི་ཅིག་མེདཔ་ལས་ རྫོང་ཁག་དང་གཡུས་ཚན་འདི་ནང་སླབ་སྲོལ་ཡོད་མི་དེ་ སྒྲ་དག་ཤོས་ཨིན་ཟེར་སླབ་ནི་ལུ་ མགོ་འཐོམས་ཡོད་རུང་། གཞུང་གྲྭ་ཚང་ནང་དང་ ཐེད་ཐིམ་གཉིས་ཀྱི་སླབ་སྲོལ་ལུ་གཞི་བཞག་མི་འདི་ར་དྲག་པས་ཟེར་མནོཝ་བཏངམ་ཨིན་མས།
དེ་སྦེ་ཨིན་རུང་ སྤུ་ན་ཁ་ལུང་གཤོང་གི་གཡུས་སྒོ་ལ་ལུ་ཅིག་ནང་ལུ་ བརྗོད་སྒྲ་དག་ཏོག་ཏོ་མེད་མི་ལེ་ཤ་སླབ་མི་ཚུ་དཔྱེ་སྦེ་འབད་བ་ཅིན་ ཚོང་ཉོ་ནི་ལུ་ ནོ་ནི། ཉ་ལུ་ན། ལྷ་ཁང་ལུ་ ཧ་ག ལྷམ་ལུ་ ཧམ་ཟེར་སླབ་དོ་ཡོདཔ་མ་ཚད་ ཝང་གི་མི་ལ་ལུ་གིས་ ཕགཔ་ལུ་ཕོགཔ་ཟེར་སླབ་སྲོལ་ཡོད་མི་ཚུ་སྒྲ་མ་དག་པའི་གྲས་ཁར་བརྩི་དགོཔ་ཨིན་པས།

ལྟག་ལུ་འགྱོ།

 

ཐུགས་འཆར།