ཧ་སྡེ།


ཧིང་རྒྱལནི་ཉ་གསད།།ཉ་རྒྱལན་ཧིང་བཏོག།རྩ་ཕན་གཉིས་ཀྱི་བར་ན་མ་འགྲིགཔ་བྱུང་པའི་སྐབས་ གོ་ཤེས་ཉན་ཤེས་ཅིག་གིས་ བར་ན་བདེ་འགྲིག་བཟོ་རུང་ མནོ་བསམ་གང་འདྲཝ་བཏང་སྟེ་ ང་རྒྱལ་ཁྱོད་དང་ ཁྱོད་རྒྱལནི་ང་ཨིན་ཟེར་མཐོ་མེད་ཚད་མེད་ཀྱི་བློ་རྐྱབ་པའི་དོན།

ཧབ་ནི་ཧབ་པའི་སོ་མི་བཏབ།། སླབ་ནི་བཅའ་ནི་མང་དྲགས་སྦེ་ཁ་ཚ་རུང་ ནང་གི་བསམ་པ་བཟང་པོའི་དོན་བཏོནམ་ཨིན།

ཧིང་ལས་མ་གཤག་བུ་མེན།།གློ་ལས་མ་འབལ་གྱི་མེན།།