འབྲུག་པའི་དངུལ་ཀྲམ།


འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་གི་ཧེ་མ་ལས་ བྱང་ཁ་ཐུག་བོད་རྒྱལ་ཁབ་དང་ ལྷོ་ཁ་ཐུག་ལུ་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ཆགས་ཏེ་ཡོདཔ་མ་ཚད་ རྒྱལ་ཁབ་གཉིས་དང་ཚོང་འབྲེལ་གྱི་འབྲེལ་བ་སྦོམ་ཡོདཔ་ཨིན་རུང་  ད་རེས་ནངས་པ་བཟུམ་སྦེ་ཤོག་གུ་དངུལ་ཚུ་ལག་ལེན་འཐབ་སྲོལ་མེདཔ་ཨིན་མས།

དེ་ཡང་རྒྱལ་ཁབ་ནང་སྔོན་དང་ཕུག་ཚོང་འབྲེལ་འཐབ་པའི་སྐབས་ ཕྱེད་ཀྲམ་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ དེ་གི་ཧེ་མ་འབད་བ་ཅིན་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ནང་ལུ་ཚོང་འབྲེལ་འཐབ་པའི་སྐབས་ལུ་ རང་རང་སོ་སོའི་གཡུས་སྒོ་ནང་ལས་འཐོན་པའི་འཐོན་སྐྱེད་ཚུ་འབག་སྟེ་ བརྗེ་སོར་འབད་སྲོལ་འབདཝ་མ་གཏོགས་ ཚོང་གི་རིན་ངོ་ཏི་རུབ་སྤྲོད་ནི་མེདཔ་ཨིན་མས། ཨིན་རུང་ཤུལ་ལས་ དུས་རབས་༡༨་པའི་ནང་ལས་ འཛམ་གླིང་རྒྱལ་སྤྱིའི་འགྲོ་ལུགས་དང་ ཚོང་འབྲེལ་གྱི་གནས་སྟངས་དང་བསྟུན་ རྒྱ་དང་བོད་རྒྱལ་ཁབ་ནང་ཚོང་འབྲེལ་གྱི་འབྲེལ་བ་ཚུ་ཤུགས་སྦེ་རང་ལངས་པའི་གནད་ལས་བརྟེན་ རྒྱལ་ཁབ་ནང་ལུ་འགོ་ཐོག་དངུལ་གྱི་ཕྱེད་ཀྲམ་ཚུ་བཟོ་ནི་འགོ་བཙུགས་ནུག།

bhutan-2006-circulating-coinsདེ་ལས་རིམ་པ་བཞིན་དུ་རྒྱུ་དངོས་མ་འདྲ་བའི་ཕྱེད་ཀྲམ་གྱི་རིགས་ལེ་ཤ་ཅིག་རང་བཟོ་ནུག ད་རེས་ནངས་པ་འབད་བ་ཅིན་ང་བཅས་ཆ་ཁྱབ་ཀྱིས་ཕྱེད་ཀྲམ་ཚུ་གི་གྲས་ལས་ དངུལ་ཀྲམ་གཅིག་འབད་མི་འདི་ལས་འགལ་སྟེ་མཐོང་སྲོལ་མེདཔ་ཨིན་རུང་ དེ་བསྒང་བཟུམ་ཅིག་འབད་བ་ཅིན་ ཕྱེད་ཀྲམ་མཐོ་དམན་གྱི་དབྱེ་བ་ལེ་ཤ་རང་བརྩི་སྲོལ་ཡོདཔ་ཨིན་མས། རྒྱབ་ཁབ་ནང་ལུ་ ཕྱེ་ཀྲམ་བཟོ་ནི་འགོ་བཙུགས་པའི་ཤུལ་ལས་ ཚོང་འབྲེལ་འཐབ་པའི་སྐབས་ལུ་ ལག་ལེན་འཐབ་སྲོལ་ཡོངས་གྲགས་འཐོན་ཡོདཔ་ཨིན་མས། ཕམ་རྒས་ཤོས་ཚུ་གི་སླབ་སྲོལ་དང་འཁྲིལ་བ་ཅིན་ དེ་བསྒང་ད་རེས་བཟུམ་སྦེ་དངུལ་ཀྲམ་མཐོང་ཚུགས་པ་ལ་ཁག་ཡོད་པའི་ཁར་ ཨ་ཙི་ཅིག་ལས་མ་ཐོབ་རུང་ དེ་གིས་ཅ་ལ་ཚུ་ལེ་ཤ་ཐོབ་པའི་ལོ་རྒྱུས་བཤདཔ་ཨིན་མས། ཨིན་རུང་མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྤ་རོ་དཔོན་སློབ་ཀྱི་བདག་འགན་བཞེས་པའི་ཉིནམ་ལས་འགོ་བཙུགས་ཏེ་ འབྲུག་རྒྱལ་ཁབ་ནང་ལུ་ ཤོག་གུའི་ཏི་རུ་བཀྲམ་ནི་འགོ་བཙུགས་པའི་ལོ་རྒྱུས་འདུག །འདི་བསྒང་གཞུང་གཡོག་ནང་ཕྱག་ཞུ་མི་ཚུ་ལུ་སྐུ་འཁོར་ཚུ་གིསགསོལ་རེ་ ལྔ་ལོར་བཞི་བཞི་རེ་ཐོབ་ཅི་ཟེར་བཤདཔ་ཨིན་མས།

ད་རེས་རྒྱལ་ཁབ་ནང་ལུ་གོང་འཕེལ་གྱི་འགྱུར་བ་རྒྱ་ཆེ་དྲག་སྦེ་འགྱོ་མི་ལས་བརྟེན་ ཤོག་ཀུ་གི་བཟོ་ཡོད་པའི་ཏི་རུ་ཚུ་ཡང་ དུས་རིམ་བཞིན་དུ་འགྱུར་བ་འགྱོ་དོ་ཡོདཔ་ལས་ དང་ཕུ་ང་བཅས་རའི་ཕམ་ཚུའི་སྐབས་ ལག་ལེན་འཐབ་སྲོལ་ཡོད་པའི་ཕྱེད་ཀྲམ་ཚུ་ ལག་ལེན་འཐབ་ནི་འདི་ཕར་བཞག་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ལོ་རྒྱུས་ཅིག་རང་གོ་ནི་མེད་པའི་གནས་སྟངས་ལུ་ཐུག་སྟེ་ཡོདཔ་ཨིན། ནམ་དུས་དང་བསྟུན་ཏེ་ཟས་ཟ།། ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ འཛམ་གླིང་རྒྱལ་སྤྱིའི་ཚོང་འབྲེལ་གྱི་གནས་སྟངས་དང་བསྟུན་ ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་ཚུ་ འོང་དགོཔ་ཨིན་རུང་ དང་ཕུ་ཕ་མའི་ལམ་ལུགས་སྲོལ་དང་ ཤུལ་བཞག་ཚུ་ཉམས་འགྱོ་བའི་གནས་སྟངས་ཚུ་ལུ་བལྟ་བ་ཅིན་ ཕམ་རྒས་ཤོས་ཚུ་བློ་ཕམ་པའི་གཞི་ལུ་འགྱུར་དོ་ཡོདཔ་ཨིན་མས་ཟེར་ཞུ་ནི་ཨིན།