བེང་ཀོག་ལུ་ཨིང་སྐད་སློབ་སྦྱོང་སྐབས།


འབྲུག་རྒྱང་བསྒྲགས་ལས་འཛིན་དང་ དྲཱེ་ནི་དྲཱ་མ་དངུལ་རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་༡༩༩༩ལུ་ ཐ་ཡས་ལེན་གྱི་རྒྱལ་ས་བེང་ཀོག་གི་ས་གནས་ སྦང་ན་ཨེས་ཊེམ་ཕོཊ་མཐོ་རིམ་སློབ་གྲྭ་ནང་ ཨིང་སྐད་སློབ་སྦྱོང་འབད་ནིའི་གོ་སྐབས་ཐོབ་ཅི།

20160319_150738

མཐོ་རིམ་སློབ་འདི་ བེང་ཀོག་ལུ་མིང་གཏམ་ཅན་ཅིག་ཨིན་མི་དེ་ཡང་ སློབ་གྲྭའི་ས་ཁོངས་དང་སློབ་ཁང་ཚུ་ག་ནེ་བ་ཉམས་དགའ་བའི་ཁར་ ལྷག་པར་དུ་ལེགས་སྦྱར་བ་མཁས་མཆོག་ཙང་ཙ་ཡོདཔ་མ་ཚད་ འཛམ་གླིང་རྒྱལ་ཁབ་མང་རབས་ཅིག་ནང་ལས་ ཤེས་ཡོན་སྦྱང་མི་རྒན་གཞོན་མང་རབས་ཅིག་འོང་སྲོལ་འདུག ཨིན་རུང་དེའི་སྐབས་ལུ་ ང་བཅས་འབྲུག་མི་གསུམ་མ་གཏོགས་གཞན་མེདཔ་ལས་ རྒྱལ་ཁབ་གཞན་ཁ་ལས་ཆ་རོགས་ལེ་ཤ་ཅིག་གསརཔ་ཕྱད་ནིའི་གོ་སྐབས་ཐོབ་ཅི།

20160319_150930-1

དེ་བསྒང་སྐད་ཡིག་དང་ སུམ་རྟགས་ མིང་ཚིག་གི་རྣམ་གཞག་ཚུ་གཙོ་བོར་བཏོན་ཏེ་ལྷབ་ཡོདཔ་མ་ཚད་ སྤྱིར་བཏང་རྒྱལ་སྤྱིའི་སྐོར་ལས་ཡང་ལྷབ་ནིའི་གོ་སྐབས་ཐོབ་ཅི། དེ་མ་ཚད་ ཡུན་རིངམ་སྡོད་ནི་འདི་གིས་ ཐ་ཡས་མི་སྡེའི་སྡོད་ཐངས་བཅའ་ཐངས་དང་ གནས་སྟངས་ཀྱི་སྐོར་ལས་ཧ་གོ་ཡི།

ཐུགས་འཆར།