འབྲི་ཐངས་ཀྱི་ཁྱད་པར་མ་འདྲཝ།


དང་ཕུ་འབདནི་ ཡིགུ་འབྲིཝ་ད་ན་    ལུགས་བཟང་དགྲའི་ཡིན་ཀྱང་བླང། །ལུགས་ངན་ཕ་མའི་ཡིན་ཀྱང་སྤང་། །ཟེར་དོ་བཟུམ་སྦེ་ རྒྱལ་སྤྱིའི་ཡིགུ་འབྲི་ཐངས་འོས་འབབ་ལྡན་མི་ཚུ་ དཔེ་བལྟ་སྟེ་འབྲི་རུང་གནོད་པ་གནམ་མེད་ས་མེད་རུང་ ང་བཅས་ར་འབྲུག་པའི་ཡིགུ་འབྲི་ཐངས་དང་ ཚིག་བཙུགས་ཐངས་གཞན་དང་མ་འདྲཝ་སྦེ་ཡོད་མི་ཚུ་ཡང་ཉམས་མ་བཅུག་པར་བདག་འཛིན་འཐབ་དགོཔ་ཁག་ཆེ་བས། ཨིན་རུང་ད་རིས་ནངས་པ་ལ་ལུ་ཅིག་གིས་ དཔེར་ན་ གཡུས་དང་རང་གི་མིང་སྦྲགས་ཏེ་འབྲིཝ་ད་ དབང་ཕྱུག་རུ་སྦྱིས། རྡོ་རྗེ་སྤུ་ནཔ། དཔལ་འབྱོར་དགའ་སེངཔ་ཟེར་བྲིས་སྲོལ་ཡོངས་གྲགས་སོང་སྟེ་འདུག རུ་སྦྱིསཔ་དབང་ཕྱུག སྤུ་ནཔ་རྡོ་རྗེ། དགའ་སེངཔ་དཔལ་འབྱོར་ཟེར་འབྲི་བ་ཅིན་ རང་ལུགས་འབྲུག་པའི་ཁྱད་ཆོས་ག་ཨིནམ་སྦེ་གནས་ཚུགས་ནི་ཨིནམ་ལས་ སློབ་གྲྭ་ཁག་དང་རང་གི་བུ་གཞི་ཚུ་ལུ་ སྔར་སྲོལ་འབྲི་ཐངས་ཉམས་མ་བཅུག་པར་དར་ཁྱབ་གཏང་དགོ་མི་འདི་ འབྲུག་མི་རེ་རེ་བཞིན་ལུ་འགན་ཁག་ཕོགཔ་ཨིན་པས།