མིང་ཚབ་ལག་ལེན།


ད་རིས་ནངས་པ་ རང་མཉམ་ཆ་རོགས་ཚུ་དང་གཅིག་ཁར་ཕྱད་པའི་སྐབས་ ཕར་ལོགམ་གིས་  ལེགས་ཤོམ་སྦེ་ཡོད་ག་ཟེར་དྲིཝ་ད། ལན་ལེགས་ཤོམ་ཡོད་ཟེར་མིའི་ཐད་ བརྡ་དོན་འཕྲོད་ཚུགས་རུང་ འོས་འབབ་དང་ལྡན་པའི་མིང་ཚིག་ གཟུགས་བཟངམོ། བདེ་ཏོག་ཏོ། ནཝ་ཚཝ། སྐྱིད་ཏོང་ཏོ་ཡོད་ཟེར་མི་ཚུ་གི་ཚབ་སྦེ་ ལེགས་ཤོམ་ཟེར་བའི་ཚིག་འདི་ར་གཡོག་བཀོལ་དོ་ཡོདཔ་ལས་ ཕོག་ལམ་དང་འཁྲིལ་ཏེ་ མིང་ཚིག་ག་ཕོག་མི་དེ་ར་སླབ་པ་ཅིན་འོས་འབབ་ལྡནམ་རྐྱངམ་གཅིག་མིན་པར་ མིང་ཚིག་ཉམས་མ་བཅུག་པར་བདག་འཛིན་འཐབ་ནི་ལུ་ཡང་ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།

ང་ལུ་དཀའ་ངལ་འ་ནེ་བཟུམ་ཅིག་བྱུང་འོང་ཟེར་མི་འདི་ ཧེ་མ་སེམས་ཁར་ར་མ་སྡོད་ཟེར་མི་འདི་ ཕོག་ལམ་དང་འཁྲིལཔ་ད་ སེམས་ཁར་ར་མ་མནོ། ཡང་ཅིན་ རེ་བ་ར་མ་བསྐྱེད་ཟེར་འབྲི་དགོཔ་མེན་ན་ཟེར་མནོཝ་མས།