སློབ་མ་བསྐྱངས་ཚུལ།


ཤོ་མཉམ་ནང་པའི་རྒྱབ་ཁབ་གཞན་ཚུ་ནང་ ག་དེ་སྦེ་ཨིན་རུང་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ སྐུ་ཡོན་གྱི་རྟོགས་པ་མཐོ་བའི་བླ་ཆེན་ཅིག་གིས་ གྲྭ་ཚང་། བཤད་སྒྲ། སྒྲུབ་སྡེ་ཁག་ལུ་བཞུགས་ཏེ་ སློབ་མ་ཚུ་ལུ་ དཀྱིལ་ཆོག་སྐོར་གདངས་དབྱངས་ཕྱག་རྒྱ་ གར་ཐིག་དབྱངས་གསུམ་དང་ རིག་གཞུང་གི་སློབ་སྟོན་གནང་སྟེ་ མཛད་ཕྲིན་བསྐྱངས་དོ་ཡོདཔ་ཨིན་རུང་། བླ་ཆེན་ལ་ལུ་ཅིག་གིས་ དགོན་སྡེ་ཁག་ལུ་ཉམ་ཆུང་གི་ཚུལ་ལུ་བཞུགས་ཏེ་ འགྲོ་དོན་བསྐྱངས་གནངམ་མ་གཏོགས་ མཚན་སྙན་དར་ཁྱབ་གཏང་ནི་ལུ་ ཐུགས་མི་དགྱེས་དོ་ཡོདཔ་ཨིན་པས།

དེ་ལས་བརྟེན་ འབྲུག་གི་རྒྱལ་རབ་དང་ཆོས་བྱུང་ནང་ལུ་བཀོད་དེ་མེད་མི་ མཁས་པའི་དབང་པོ་ རྡོར་མཆོད་རྟེན་སློབ་དཔོན་རིན་པོ་ཆེ། མཁས་དབང་ལམ་བགྲེས་སངས་རྒྱས་རྡོ་རྗེ། སྒྲ་སློབ་སྐུ་བགྲེས་རྣམ་རྒྱལ། སློབ་དཔོན་ཁོ་ཐང་སྒྲུབ་ཅུང་། གྲུབ་དབང་བསོད་ནམས་བཟང་པོ་ཚུ་ ད་རེས་ཞལ་དངོས་སུ་མཇལ་བའི་སྐལ་བ་མེད་རུང་  ཕྲིན་ལས་རྣམ་བཞིའི་སྒོ་ལས་མཛད་འཕྲིན་དར་ཞིང་རྒྱས་པའི་ལོ་རྒྱུས་བཤད་ནི་འདུག།

ཐུགས་འཆར།