ཨམ་སྲུ་གིས་ཁུ་རུ་རྐྱབ་མི་ལུ་བསམ་འཆར།


རྒྱ་བོད་ཀྱི་མཁས་གྲུབ་མང་རབས་ཅིག་གི་གསུང་འབུམ་ནང་ ཨམ་སྲའི་ལུས་རྟེན་ལུ་སངས་རྒྱས་ཚུགས་ག་མི་ཚུགས་ག་གི་སྐོར་ལས་གསུངས་ཏེ་ཡོདཔ་བཟུམ་སྦེ་ ད་ལྟོ་ང་བཅས་ར་ ནང་པའི་ཆོས་ལུ་དད་མོས་ཅན་ཚུ་གིས་ དུས་རྒྱུན་དུ་ཕྱག་དང་མཆོད་པ་འབུལ་ས་ རྗེ་བཙུན་སྒྲོལ་མ་དང་ལྷ་མོ་དབྱངས་ཅན་མ་ཚུ་ ཡི་དམ་ལྷ་གཙོ་བོ་ཨིན་རུང་། གསང་སྔགས་ཀྱི་ཆོ་ག་མང་ཆེ་བའི་བསྐྱེད་རྫོགས་ཁག་གི་ནང་ལུ་ ཨམ་སྲུ་བ་འདི་ ཕོ་སྐྱེས་པ་གཙོ་ཆེཝ་སྦེ་གསུངས་ཏེ་ཡོད་མི་འདི་ དཔེར་ན། དབང་ཕྱི་མ་བཞིའི་གསང་དབང་ཚུའི་སྐབས་ལུ་    ལས་རྒྱ་དང་ཕྱག་རྒྱ་གང་རུང་འདེམས་ཚུལ་གསུངས་ཡོདཔ་མ་ཚད་ ཨམ་སྲུའི་གྲས་ལས་ ཕྱག་རྒྱ་མ་ཅིག་ལུ་དགོས་པའི་ཁྱད་ཆོས་ལུ་གཞི་བཞག་སྟེ་གསུངས་ཡོདཔ་མ་ཚད་ མཐར་ཐུག་ ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྐབས་ལུ་ ཕོ་སྐྱེས་རྟེན་ཨིནམ་སྦེ་གསུངས་ཏེ་འདུག དེ་ལས་བརྟེན་ཏེ་ ནང་པའི་ཆོས་ཀྱི་ཁ་ཐུག་ལས་ སྤྱིར་བཏང་ལུ་ ཕོ་མོ་དབྱེ་བ་མེདཔ་སྦེ་ ཐབས་དང་ཤེས་རབ་ལུ་གཙོ་བོར་བཏོན་ཏེ་གསུངས་ཡོད་རུང་ ཆོས་སྒྲུབ་པའི་གནས་སྐབས་ནང་ བར་ཆད་བྱུང་ནི་མང་ནི་འདི་གིས་ མི་སྡེའི་ནང་ ཕོ་སྐྱེས་ར་འབབ་འབྲས་ཆེཝ་སྦེ་ཆ་བཞགཔ་ཨིན་པས།

དེ་མ་ཚད་ འབྲུག་པའི་ལམ་སྲོལ་ནང་ཡང་ ཕོ་མོའི་བར་ན་ཁེ་རྒུད་དང་ སྟོབས་རྩལ་ཆེ་ཧིང་ལུ་ཁྱད་པར་ཡོད་ནི་འདི་གིས་ ཨམ་སྲུ་གིས་ཕྱཱ་དང་ཧུ་སྐད་རྐྱབ་པ་ཅིན་ ལུང་པ་ལུ་བཀྲ་མི་ཤིས་པ་ལྟས་ངན་བྱུང་ནི་དང་ ཕོ་རྒས་ཀྱི་ལཱ་འབད་མ་ཚུགས་མི་ལུ་ དཀྱི་ར་དཀྱིས་ཏེ་ཤོག་སླབ་སྲོལ་ གནད་དོན་ལེ་ཤ་ལུ་བརྟེན་ཏེ་ ཕོ་མོའི་ཁྱད་པར་ཡོད་རུང་ ད་རིས་ནངས་པ་ རྒྱལ་ཁབ་ཀྱི་སྲིད་བྱུས་དང་འཁྲིལ་ཏེ་ དབང་ཆ་འདྲ་མཉམ་ཨིན་ཟེར་བརྩི་མི་གུ་ཤུགས་ཐལ་ཏེ་ ཨམ་སྲུ་ཚུ་གིས་ཁུ་རུ་རྐྱབ་ནི་འགོ་བཙུགས་ཡོདཔ་མ་ཚད་ ཕྱྭ་དང་ཧུ་སྐད་རྐྱབ་མི་ལུ་ དབྱེ་དཔྱད་ལུ་མཁས་པ་ཚུ་ ཧེང་སྐལ་ར་རྔམ་ཐལ་ཏེ་ ཞིབ་འཚོལ་འབད་དོ་ཡོད་རུང་། ཕམ་རྒན་ཤོས་ཚུ་སེམས་ཕམ་རུང་འབད་ཐབས་ག་ནེ་ཡང་མེད། ལ་ལུ་ཅིག་དགོད་བྲ་སྤྲོ་བ་བྱུང་དོ་ཡོདཔ་ཨིན་པས་ཟེར་ཞུ་ནི་ཨིན།

%d bloggers like this: