འདོད་པའི་བདེ་བ།


ད་རིས་ནངས་པ་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ཏེ་ མིའི་བསམ་སྤྱོད་ཡང་འགྱུར་བ་འགྱོ་མི་འདི་གིས་ འབད་བཞག་བཅའ་ཐངས་ཚུ་ཡང་ སྔོན་མ་དང་མ་འདྲ་བའི་བཟོ་བཟོ་མི་དང་ གོ་བ་གྱོན་ཐངས་མ་འདྲཝ་བྱུང་མི་ལུ་བརྟེན་ ཕོ་མོ་གཅིག་གིས་གཅིག་ལུ་ འཇམ་ཏོང་ཏོ་སྦེ་ཆགས་སེམས་སྐྱེསཝ་ཨིན་པས། དེ་འབདཝ་ད་ ད་རིས་ནངས་པ་ཁྲོམ་ཁར་ མ་དངུལ་ལངམ་སྦེ་མེད་མི་དང་ གཞན་དང་འདྲན་འདྲ་འཐུ་མ་ཚུགས་རུང་ འདོད་ཆགས་ཤུགས་ཐལ་བའི་ཞོར་ཁར་ འབང་བཙོང་སྟེ་ལུས་འབྲེལ་འབད་ནིའི་དཔའ་བཅམ་མི་ གྱངས་ཁ་ཡར་སེང་འགྱོ་དོ་ཡོདཔ་ཨིན།
ཕྱོགས་གཅིག་ལས་འབད་བ་ཅིན་ མཐུན་ལམ་གྱི་ཐོག་ལས་ཨ་རོགས་དགའ་རོགས་འཚོལ་ཏེ་ གཉེན་གྲོགས་སྡོམ་སྟེ་ མི་ཚེ་མཐར་བཀལ་དོ་ཡོད་རུང་། གཅིག་ཁར་ཕྱད་དེ་དུས་ཚོད་གངམ་མ་སོངམ་ལས་ གཅིག་གིས་གཅིག་ལུ་དགའ་བའི་ལོ་རྒྱུས་སླབ་སྟེ་ མཐུན་འབྲེལ་གྱི་ཐོག་ལས་ལུས་འབྲེལ་འབད་ཚརཝ་ད་ མ་དངུལ་དགོ་འདོད་བསྐྱེད་མི་དེ་ལུ་ ཕོ་རྒས་ཚུ་གིས་ངོས་ལེན་མེད་པ་ཅིན་ ཨམ་སྲུ་ཚུ་གིས་ དབང་བཙོང་ལུས་འབྲེལ་འབད་བའི་ཟེར་ཉོགས་བཤད་བཀོད་དེ་ ཁྲིམས་ཞབས་སུ་ཐོ་གཏུགས་འབད་མི་ཡང་ལེ་ཤ་འཐོན་དོ་ཡོདཔ་ལས་ དུས་ཀྱི་འགྱུར་བ་དང་བསྟུན་ བཅའ་ཁྲིམས་ཚུ་འཕྲི་བསྣན་མ་འབད་བ་ཅིན་ ལ་ལུ་ཅིག་ཁེ་རྒུད་མ་བཏུབ་རུང་ ཐབས་རང་མེད་པར་ ཉེས་ཁྲིམས་མྱོང་དགོ་ནི་ཨིན་པས།
ཐ་ན་འབུབ་སྲིན་གྱོག་མོ་དང་ དུད་འགྲོ་སེམས་ཅན་ སྲོགས་ཆགས་ཀྱི་རིགས་ག་ཅི་ར་ཨིན་རུང་ འདོད་ཆགས་ཡོདཔ་ལས་བརྟེན་ ལུས་འབྲེལ་འབད་ནི་འདི་དགའ་ཤོ་ཅིག་ཨིན་པ་ཅིན་ ང་བཅས་ར་འགྲོ་བ་མིའི་ལུས་བརྟེན་ཐོབ་ཞིནམ་ལས་ ཕོ་མོའི་མཚན་རྟགས་ཀྱི་ཁྱད་པར་བརྟེན་ ཡུདཔ་ཐེངས་ཅིག་ལུ་ ཆགས་སེམས་སྐྱེས་དོ་ཡོདཔ་ཨིན་རུང་། ལ་ལུ་ཅིག་དུས་ཚོད་དང་ ཕར་ལོགམ་ལུ་བརྟེན་ཏེ་མ་གཏོགས་ འཇམ་ཏོང་ཏོ་སྦེ་ཆགས་སེམས་མ་སྐྱེ་མི་ཡང་ཡོདཔ་ཨིན་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ “བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད༎སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས། ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།། ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས།།”ཟེར་གསུངས་ཏེ་ཡོད་དོ་བཟུམ་ཅིག་ཨིན་པས།
ལུས་འབྲེལ་འབད་མ་བཏུབ་མི་དེ་ཡང་ རིགས་མི་མཐུན་པ་དུད་འགྲོའི་རིགས། གཞན་གྱི་གནསམོ། གཟུགས་སྦོ་འཁོག ལོ་ན་མ་སྨིན་པ། སྡོམ་པ་ཡོད་མི་དགེ་སློང་དང་དགེ་བསྙེན། རང་ལས་རྒསཔ། ལུས་སྟོབས་ཞན་འཁོགས། མཛེ་ནད་ཅན། ཟླ་ཁྲག་འོང་པའི་ནམ་དུས། རིགས་རྒྱུད་གཅིག་པའི་ཉེ་ཚན་ཚུ་ལུ་ ལུས་འབྲེལ་འབད་ནི་སྤང་དགོཔ་ཨིན་པས། ད་རུང་ལྷ་ཁང་། རྫོང་གཞི། མཆོད་རྟེན། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞུགས་པའི་རྟེན་གྱི་སྐུ་མདུན་ལུ་མ་བཏུབ་མ་ཚད། བརླད་དོ་བར་ན། ཨ་བུ་ནང་། ཨེལ་ཙི་འོག ཁའི་ནང་། རིག་གསར་བཟོ་རིག་གི་ཕོ་མཚན་མོ་མཚན་དང་། རང་གི་ལག་པ་དང་མཛུམ་མོ་གིས་ ཚུལ་མིན་གྱིས་འདོད་པ་སྤྱོད་པ་ཅིན་ རང་གི་གཟུགས་སྟོབས་དང་ ནད་གཞི་སྔོན་འགོག་གི་ནུས་པ་ཉམས་ཏེ་ ནད་གཞི་ཐོབ་ནིའི་ཉེན་ཁ་ཡོད་པའི་ནང་ལས་ཡང་ ཁྲིམས་དང་མ་མཐུནམ་ཅིག་ཨིནམ་ལས་སྤང་དགོཔ་ཨིན་པས། རབ་བྱུང་པ་ཅིན་ ཚེ་སྔོན་ལས་ཀྱིས་འཛོམས་པའི་རང་གི་གཉེན་གྲོགས་དང་ཅིག་ཁར་ ཐ་དམ་ཚིག་བསྟེན་ཏེ་བྱམས་བརྩེའི་སྒོ་ལས་མི་ཚེ་མཐར་བཀལ་དགོཔ་ཨིན་པས། “ཕོ་ ནི་རང་ལོ་བཅུ་དྲུག་ལོན་པའི་སྐབས༎ན་ཚོད་དར་ཞིང་ཉེར་བཞིའི་ལོ་ལ་རྫོགས༎མོ་ནི་རང་ལོ་བཅུ་གསུམ་ལོན་པ་ན༎ན་ཚོད་དར་ཞིང་བཅུ་དྲུག་ལོ་ལ་རྫོགས༎དེའི་ཕྱིར་ཕོ་ལོ་ ཉེར་བཞི་ལོན་པ་ན༎བུད་མེད་བཅུ་དྲུག་ལོའམ་བཅོ་བརྒྱད་ལ༎འདོད་པ་འོས་པའི་དུས་ལ་ བབ་གྱུར་ཅིག། ཁྱིམ་སོ་འཛིན་པ་དག་ཀྱང་འདི་ནས་བྱ༎ལོ་ཚིགས་དེ་ལས་ད་དུང་ཡུན་རིང་ན།། ནད་ཀྱི་རིགས་བྱེད་འགའ་ཡང་འབྱུང་བར་བཤད༎”ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ རང་ལོ་བཅུ་དྲུག་ལུ་ན་ཚོད་དར་ཞིང་ སྐྱེས་ལོ་༢༤ལུ་ ན་ཚོད་སྨིན་པ་དང་ བུམོ་ཚུ་སྐྱེས་ལོ་༡༣ལུ་ལང་ཚོ་དར་ལ་བབ་སྟེ་ སྐྱེས་ལོ་༡༦དེ་ཅིག་ལས་འདོད་པ་སྤྱོད་ནིའི་དུས་ཚོད་རན་དོ་ཡོདཔ་མ་ཚད། ཁྱིམ་བདག་འཛིན་འཐབ་ནིའི་དུས་ལུ་བབ་ཨིན་པས། ཨམ་སྲུ་སྐྱེས་ལོ་༡༦ལས་༥༠གི་བར་ ན་འདོད་པ་སྤྱོད་པའི་དུས་ཨིནམ་སྦེ་འཐོན་དོ་ཡོདཔ་ཨིན་རུང་། འབྲུག་གི་གཉེན་སྦྱོར་གྱི་བཅའ་ཁྲིམས་དང་འཁྲིལ་པ་ཅིན་ སྐྱེས་ལོ་༡༨འོག་མཇུག་ལུ་ གཉེན་རྐྱབ་མི་འདི་ དབང་བཙོང་འདོད་སྤྱོད་ཀྱི་གྲས་ཁར་བརྩི་སྟེ་ ཉེས་ཁྲིམས་ཕོགཔ་སྦེ་ཡོདཔ་ཨིན། རང་གི་སེམས་མཐུན་ཏེ་གཉེན་གྲོགས་སྡོམ་ནི་མ་གཏོགས་ ཕ་མ་གིས་དབང་ཤུགས་བཙོང་སྟེ་ གཉེན་སྡོམ་མ་བཏུབ་མི་དེ་ཡང་ འདོད་པའི་བསྟན་བཅོས་ནང་ལས་ “ལྷག་པར་ཕ་མས་སྲུང་ཞིང་དམ་བཞག་པའི༎བུ་མོ་རྣམས་ལ་སྡུག་འདི་ཚད་ལས་འདས༎དེ་ ཕྱིར་འོས་པའི་དུས་ལ་བབ་པ་ན༎ཕོ་མོ་གཉིས་ལ་ཁྱིམ་ཐབ་ངེས་པར་དགོས༎ན་ཆུང་བུ་མོས་ སྐྱེས་པ་འདོད་པ་ནི༎སྐོམ་པ་ཆུ་ལ་འཕྲད་པའི་དོ་ཟླ་མིན༎ཆགས་ལྡན་སྐྱེས་པས་བུད་ མེད་འདོད་པ་ནི༎ལྟོགས་པ་ཟས་ལ་རྔམ་པའི་དོ་ཟླ་མིན༎ཕ་མ་བཙན་པོས་དེ་ལ་གེགས་བྱད་ པ༎ཁྲི་མུན་དོང་དུ་བཅུག་པའི་དོ་ཟླ་མིན༎ཟེར་གསུངས་དེ་ཡོད་བཟུམ་ཅིག་ཨིན་པས།
གཞན་ཕོ་མོ་ ཕོཝ་རྒྱགས་ཞིནམ་ལས་ སྐྱེས་ལོ་༥༠གི་བར་ན་འདོད་པ་སྤྱོད་དེ་ ཟླ་རིམ་བཞིན་དུ་ ཁམས་དཀར་དམར་འདི་ཕྱིར་མ་བཏོན་པ་ཅིན་ ནད་རིགས་མ་འདྲཝ་འབྱུང་ནི་ཨིན་པའི་སྐོར་ལས་ གསོ་བ་རིག་པའི་གཞུང་ནང་ཁ་གསལ་སྦེ་ཡོདཔ་ཨིན་པས། ལུས་འབྲེལ་འབད་བའི་སྐབས་དང་ འབད་ཚར་ཞིནམ་ལས་ གཙང་སྦྲ་བསྟེན་དགོ་མི་དེ་ཡང་ འདོད་པའི་བསྟན་བཅོས་ནང་ལས་ “འཁྲིག་པའི་སྔོན་དུ་ཕོ་མོ་གཉིས་ཀ་ཡིས༎གཤང་གཅི་བསལ་ཅིང་འདོམས་ཀྱི་དབང་བོ་ བཀྲུ༎ལྷག་པར་བྷ་གའི་ཕུགས་དག་གཙང་བར་བྱ༎དེས་ནི་སྐྱོན་མེད་མངལ་དག་འཛིན་ལ་ཕན༎ ཟེར་ལུས་འབྲེལ་མ་འབད་བའི་ཧེ་མ་ ཆབ་གསང་གཏང་ཞིན་ན་ ཆུ་ཚ་དྲོད་རན་ཏོག་ཏོ་གིས་ སྤུས་ཙ་སྦེ་འཁྱུ་ཚུགས་པ་ཅིན་ ལུས་ཀྱི་ཁམས་དྭངས་ཤིང་ དྲི་ངན་དང་ནད་འབུ་ཚུ་མི་འབྱུང་ནི་དང་། ལྷག་པར་དུ་ཨམ་སྲུའི་མོ་མཚན་ཧིང་སངས་ས་སྦེ་འཁྱུ་སྟེ་ ལུས་འབྲེལ་འབད་དགོཔ་ཨིན་པས།
ད་རུང་ལུས་འབྲེལ་འབད་བའི་སྐབས་ལུ་ ཕོའི་བརྡར་ཁུ་དང་ མོའི་གཡའ་ཆུ་གིས་ཁམས་ལོག་སི་སི་ཡོདཔ་ལས་ སྔོན་མ་བཟུམ་སྦེ་ར་ཆུ་འཁྱུ་སྟེ་ གོ་ལ་འཇམ་ཏོང་ཏོ་ཅིག་གིས་ལེགས་ཤོམ་སྦེ་འཕྱག་པ་ཅིན་ གྲང་བའི་ནད་གཞི་མི་ཐོབ་ནི་ཨིན་པས།གཟུགས་ཀྱི་ནང་ནས་མཛེས་པའི་མཐར་ཐུག་པ༎ སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང་༎ བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ༎འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་༎ སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་པ༎སྐྱེས་པའི་རྣ་བར་བུད་མེད་སྒྲ་ཡིན་ཏེ༎འདི་ལས་ ལྷག་པའི་སྙན་པ་གང་ཡང་མེད༎དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི༎འདོད་ཡོན་ལྷག་མ་ གསུམ་ལ་སྦྱར་ཏེ་གསུངས༎ ཟེར་ཡོད་དོ་བཟུམ་སྦེ་ འཇིག་རྟེན་ནང་ཕོ་མོ་ག་ར་ཨིན་རུང་ གནས་སྐབས་ཀྱི་བདེ་བའི་དཔལ་གྱི་མཆོག་འདི་ འདོད་པའི་བདེ་བ་འདི་ཨིནམ་ད། དེ་ཡང་རིགས་རུས་དང་དྲག་ཞན་ཆེ་ཆུང་གི་དབྱེ་བ་དང་ ཕྱུགཔོ་དང་སྤྱང་ཀའི་ཁྱད་པར་མེད་པར་ ག་ར་གིས་དགའ་ཤོས་ཅིག་ཨིན་རུང་ དེ་ལས་བརྟེན་སྟབས་མ་བདེཝ་དང་ སྲོག་ལུ་ཡང་རྐྱེན་ཆག་ཡང་བྱུང་དོ་ཡོདཔ་ཨིན་པས།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s