ཝི་ཅེཊ་གི་ཕན་གནོད།


ང་བཅས་རའི་འབྲུག་གི་རྒྱལ་ཁབ་འདི་ གཞུང་འབྲེལ་ཐོག་ལུ་ སྤྱི་ལོ་༡༩༩༩་ལས་ རྒྱང་མཐོང་དང་ཡོངས་འབྲེལ་གྱི་ཞབས་ཏོག་འགོ་བཙུགས་ཡོདཔ་ལས་ ང་བཅས་ར་འབྲུག་པའི་མི་སེར་ཚུ་གིས་ མི་སྡེ་བརྡ་བརྒྱུད་དང་ཡོངས་འབྲེལ་ལག་ལེན་འཐབ་ནི་འདི་ ལོ་གཅིག་བ་ལོ་གཅིག་མང་སུ་འཐོན་དོ་ཡོདཔ་ལས་ ཡི་གུ་ཕར་ཚུར་སྐྱེལ་ལེན་དང་ཞིབ་འཚོལ་འབད་ནི་ཚུ་ སྟབས་བདེ་ཏོག་ཏོ་སོང་སྟེ་ཡོདཔ་ཀུན་གྱིས་མཁྱེན་སར་ཨིན།

wechat-logo-hd11

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱང་མཐོང་དང་ཡོངས་འབྲེལ་ཚུ་ནང་ འབད་བཏུབ་དང་མ་བཏུབ་ ལེགས་ཉེས་ཀྱི་དབྱེ་བ་དཔྱད་དགོཔ་ལེ་ཤ་ར་ཡོད་ཟེར་གསུངས་མི་དེ་ མ་འོངས་མངོན་མཁྱེན་བཟུམ་ཅིག་ཨིན་པས།

དེ་ལས་རིམ་གྱིས་མི་སྡེའི་བརྡ་བརྒྱུད་ཕེསཱ་བྷུག་ཐོན་ཞིན་ན་ལས་  གཞན་ལུ་བསྟོད་པ་དང་ དམའ་ཕབ་ རང་གི་ག་མནོ་མི་དེ་འབྲི་ནིའི་གོ་སྐབས་ཐོབ་ཡོདཔ་མ་ཚད། བར་སྐབས་ཅིག་ལས་ ཝི་ཅེཊ་ཐོན་པའི་བསྒང་ལས་ བདེན་པ་མེད་པའི་ཡི་གུ་དང་པར་རིས་ དེ་ལས་ ཚུལ་མིན་གྱི་གློག་བརྙན་ཚུ་ཡང་ གྱངས་ཁ་མེདཔ་ཅིག་བཙུགས་ཏེ་ཡོདཔ་ལས་བརྟེན་ འདི་ཚུ་ལག་ལེན་ཚུལ་བཞིན་མ་འཐབ་པ་ལོག་སྤྱོད་འབད་མི་འདི་ ཚ་གྱང་ལངས་དགོ་པའི་གཞི་་ཅིག་ཨིན་པས།

འཛམ་གླིང་རྒྱལ་ཁབ་ག་རའི་ནང་ འདི་བཟུམ་གྱི་སྤྱོད་ངན་གདོང་ལེན་འབད་ཐབས་ལུ་ ཁྲིམས་ལུགས་མ་བཏུབ་བཏུབ་བརྩམས་ཏེ་ཡོད་རུང་ བདའ་ཟུནམ་དཔྱ་གཅིག་དང་ བདའ་མ་ཟུནམ་དཔྱ་གཉིས་དེ་ཅིག་བྱུང་དོ་ཡོདཔ་ལས་ ཁྲིམས་འབྲེལ་ཐོག་ཞིབ་འཚོལ་འབད་ནི་ནང་ལུ་་ལཱ་ཁག་གཏང་དོ་ཡོདཔ་ཨིན་མས། འཛམ་གླིང་རྒྱལ་ཁབ་གཞན་ཁ་བཟུམ་སྦེ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། ཟེར་གསུང་དོ་བཟུམ་སྦེ་ མི་ལ་ལུ་ཅིག་གིས་ བསམ་པ་སེམས་བསྐྱེད་དང་ བྱ་སྤྱོད་ངནམ་ལས་བརྟེན་ཏེ་ རང་རང་སོ་སོའི་སྤྲོ་སྟོན་གྱི་དོན་ལུ་ བཟོ་བཟོ་བའི་འདོད་སྤྱོད་ཀྱི་གློག་བརྙན་དང་དཔར་ཚུ་ འགྲུལ་འཕྲིན་ནང་ཝི་ཅེཀྲ་གི་ཐོག་ལས་ཁྱབ་སྤེལ་གཏང་མི་འདི་གིས་ ལ་ལུ་ཅིག་གི་མི་ཚེ་ལུ་ཐོ་ཕོག་ནིའི་ཉེན་ཁ་སྦོམ་འདུག།

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s