བཟའ་ཚང་ཁ་བྱལ་མིའི་རྒྱུ་རྐྱེན།


སྔོན་དང་ཕུ་འབད་བ་ཅིན་ ཕམ་དང་ཕ་མའི་བར་ན་ མཐུན་འབྲེལ་ཤུགས་ཆེ་བའི་སྟབས་ཀྱིས་ ཁོང་རང་ནང་དོགས་བསྟུན་གྲོས་རྐྱབ་སྟེ་ བུ་དང་བུམོ་གཉེན་རྐྱབ་བཅུག་དོ་ཡོདཔ་ཨིན་པས།

ཨིན་རུང་བུཚ་དང་བུམོ་མང་ཤོས་རང་ གཞན་གྱིས་ལ་ཁག་སྦེ་རྒྱུད་བསྐུལ་མི་དགོ་པར་ ཕོ་མོ་གཅིག་གིས་གཅིག་ མཐོངམ་ཅིག་སེམས་ཆགས་ སེམས་ཆགས་ལོ་མེད་པ་ གཉེན་རྐྱབ་སྲོལ་ཡོདཔ་ཨིན། འགོ་དང་པ་ག་དེ་སྦེ་ཕྱད་ཕྱདཔ་ཨིན་ན་གི་ལོ་རྒྱུས་དེ་ཅིག་སྦེ་བཞག་སྟེ་ བཟའ་ཚང་ཁ་བྱལ་དགོ་པའི་རྒྱུ་རྐྱེན་ངོ་མ་ག་ཅི་ལུ་བརྟེན་ཏེ་ཨིན་ན་དུམ་གྲ་ཅིག་འབྲི་ནིའི་རྩིས་རྐྱབ་རུང་ ཏན་ཏན་རྐྱེན་དེ་ལས་བརྟེན་ཏེ་ཨིན་པས་ཟེར་ཁུངས་བཀལ་ནི་འདི་ལཱ་ཁག་འདུག ད་རིས་ནངས་པ་བརྡ་དོན་འཕྲུལ་རིག་ཡར་རྒྱས་དང་བསྟུན་ཏེ་ མི་སྡེའི་བརྡ་བརྒྱུད་ཐོག་ལས་ ཧེ་མ་ངོ་ཤེས་འདྲིས་ཤེས་མེད་རུང་ ལོ་རྒྱུས་ཕར་སླབ་ཚུར་སླབ་ཅིག་གི་བར་ན་ ཆང་བ་ཆུ་ཞིམ།།མེ་བ་ཐལཝ་དྲོཝ།།ཟེར་དོ་བཟུམ་སྦེ་ རང་གི་གཉེན་གྲོགས་བ་གཞན་ལུ་ཆགས་སེམས་བསྐྱེད་དེ་ རང་གི་བཟའ་ཚང་ནང་འབད་བཞག་མ་འདྲཝ་སྟོན་པའི་བསྒང་ལས་ ལུངམ་སྡུག་པའི་སྡུག་ཐེག་རུང་།།གོང་ཕུ་སྡུག་པའི་སྡུག་མི་ཐེག།ཟེར་དོ་བཟུམ་སྦེ་ བུ་གཞི་སྤང་གང་ཡོད་རུང་ ཁ་བྱལ་དོ་ཡོདཔ་ཨིན་པས།

 

%d bloggers like this: