མཇལཝ་ཟེར་མི་འདི་ཕོག་ལམ་དང་འཁྲིལ་དགོ་པས།


༉ ད་རིས་ནངས་པ་དམངས་འཛོམས་ཏེ་གསུང་གྲོས་གནང་ས་དང་ ག་ཏེ་ལུ་འཛོམས་འདུ་རྐྱབ་རུང་ གཅིག་གིས་ག་ཞུ་མི་འདི་དཔྱེ་བལྟ་སྟེ་ ལད་སྲོལ་རྐྱབ་སྟེ་ཞུ་ནི་འདི་ ལུགས་སྲོལ་སྦེ་ཡར་སོ་ནུག ད་ལྟོའི་གནད་དོན་འདི་ མཇལཝ་མས་ཟེར་མི་འདི་ ཕོག་ལམ་དང་མ་འཁྲིལ་པར་ ག་ཚུད་གུ་ཚུད་འཚམས་ཅིག་སྦེ་སླབ་ནི་འདི་ གནམ་མེད་ས་མེད་དར་ཁྱབ་ཡར་སོ་ནུག
ཡོད་ཚད་མེད་ཚད་ཆ་མཉམ་ནཱ་ལུ་བཀོད་དགོ་པ་ཅིན་ འབྲི་མི་གིས་ཡང་འབྲི་མི་ཚར། གཟིགས་མི་གིས་ཡང་གཟིགས་མི་ཚུགས། མང་ར་མང་དྲགསན།།ཨའི་གི་ཨོམ་ཡང་དུག།ཟེར་དོ་བཟུམ་སྦེ་ མདོར་བསྡུས་ཅིག་འོག་ལུ་བཀོད་དེ་ཡོད།
༡༽ དམངས་ཁ་ལུ་ དེ་སྦེ་ཞུ་དགོཔ་ཅིག་མ་མཇལ་ཟེར་ཞུ་ནི་ཨིན། དམངས་ཁ་ལུ་ དེ་སྦེ་ཞུ་དགོཔ་ཅིག་མི་ནུག ༡༽ ཆང་འཐུང་མི་མཇལ་ཡི། ཆང་འཐུང་མི་མཐོང་ཅི། ༣༽ ཕྱག་ལཱ་གནང་དགོཔ་བཟུམ་ཅིག་སྦེ་མཇལ་ཡི། ཕྱག་ལཱ་གནང་དགོཔ་འདུག་ཟེར་མནོཝ་མས།