ཁ་སྐད་སླ་བསྲེས་ཀྱི་ཕན་གནོད།


འབྲུག་རྒྱལ་ཁབ་ནང་ དང་ཕུ་སྦེ་བ་ཅིན་ རྒྱལ་ཁབ་གཞན་དང་འབྲེལ་བ་མེད་ནི་འདི་གིས་ དམངས་འཛོམས་ས་འདི་ལོས་ ཐ་ན་སྣང་ཆུང་ཤོས་བཟའ་ཚང་ནང་དང་ ཆ་རོགས་དང་གཅིག་ཁར་ཡང་ ཁ་སྐད་ལུགས་ལུགས་གཞི་འདི་ར་སླབ་དོ་ཡོདཔ་ཨིན་རུང་ གོང་འཕེལ་གྱི་ལཱ་སྐོར་འགོ་བཙུགས་ཞིནམ་ལས་ཚུར་ ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁ་སྐད་ཚུ་ཡང་ སླ་བསྲེས་སྦེ་སླབ་ནི་ལང་ཤོར་ཚུད་སོ་ནུག

གནད་དོན་དེ་ལུ་བརྟེན་ཏེ་ ཕྱིའི་མིང་ཚིག་ཧ་ལམ་ཅིག་ ང་བཅས་རའབྲུག་པའི་ཁ་སྐད་ངོ་མ་བཟུམ་སྦེ་ར་སླབ་ནི་འདི་གིས་ ལ་ལུ་ཅིག་གིས་ ང་བཅས་ར་འབྲུག་པའི་ཁ་སྐད་ཨིན་པའི་སྣང་བ་དང་ མང་ཤོས་ཀྱིས་ཕྱིའི་ཁ་སྐད་ཨིནམ་ཤེས་རུང་ཡང་ ཨ་རྟག་འབད་བའི་ལང་ཤོར་། །བཅོ་པར་སངས་ནི་མེད་ནུག །ཟེར་དོ་བཟུམ་སྦེ་ ལང་ཤོར་ཐལ་སོ་ནི་འདི་གིས་ དྲནམ་བཏོན་ཏེ་མ་སླབ་པ་ཅིན་ ཚོར་ཚོ་རན་རན་པོ་ སླ་བསྲེས་སྦེ་སླབ་དོ་ཡོདཔ་མ་ཚད་ མིང་ཚིག་རེ་རེ་གཉིས་གཉིས་ རྫོང་ཁའི་ནང་ག་ཅི་སླབ་ཨིན་ན་ཡང་མ་ཤེས་པར་མགུ་འཐོམས་དོ་ཡོདཔ་ཨིན་པས།

དེའི་ནང་ལས་ཡང་ འཕྲལ་ཉེ་བ་སླབ་ནི་ཡོད་པའི་མིང་ཚིག་མ་སླབ་པ་བཞག་ནི་ལས་འདི་ རང་ཤི་སོངཔ་དྲག་ཟེར་དོ་བཟུམ་སྦེ་ སྤང་མ་ཚུགས་པའི་ཚིག་ཚུ་འོག་ལུ་དཔེ་ཅིག་བཀོད་དེ་ཡོད།

བྷ་ཛར།

གྷ་རི།

ཊེ་ལི་ཕཱོནཱ།

པ་ཀ

པུ་ར།

པིག་ཅར།

སབ་ཇི།

འཇུ་ཏ།

ཨང་ཀཱལི།

ཨཱནཱ་ཊི།

ལྟག་ལུ་བྲིས་ཏེ་ཡོད་པའི་མིང་ཚིག་ཚུ་ ང་བཅས་རའི་ཁ་སྐད་ནང་མེདཔ་ཨིན་ན། ཡོད་པ་ཅིན་ག་དེ་སྦེ་སླབ་སྨོ། ག་ཅི་ལས་བརྟེན་ཏེ་མ་སླབ་ཨིན་ན་ ཁུངས་སྐྱེལ་ཏེ་དུམ་གྲ་ཅིག་འབྲི་གནང་། དེ་གིས་གཞོན་ཅུང་དང་ མ་ཤེས་མི་ཚུ་ལུ་ཕན་ཐོགས་འོང་ཟེར་ཞུ་ནི་ཨིན།

%d bloggers like this: