ཤ་སྡེ།


༡ ཤ་སྒྱེན་གུ་མེ་འདབ་ཡར་དོ་བཟུམ།།ག་ཅི་ར་འབད་རུང་བཀོ་བཞག་སྟེ་ སེམས་ཁར་ལྕགས་བཀལ་ཏེ་ ཚ་གྱང་ལང་པའི་དོན།
༢ ཤ་ཚ་བའི་ཁ་ལས་གཏམ་ཧནམ་མི་འཐོན།།
༣ ཤར་གྱི་མི་གཏམ་འདོད་ཆེ།།བཙན་སྐུ་རྐྱང་གཏང་རུང་དུང་འཕུ་དགོ། ལཱ་ཆུང་ཀུ་ཅིག་འབད་རུང་ གཞན་གྱི་མཐོང་སར་གནམ་མེད་ས་མེད་འབྱེལཝ་འཐབ་པའི་དོན།
༤ ཤར་བསམ་གཏན་སྒང་གི་ར་པོད།།ཤ་གིས་ཤ་ཁུར་མ་ལངམ་ལས།།ཧིག་པ་དོས་ཚད་ལང་སོང་ནུག། དགོཔ་ག་ནེ་ཡང་མ་འཐོན་རུང་ མ་དགོཔ་ལྷག་པའི་དོན་དག་ཨིན་པས།
༥ ཤར་ཟམོ་ཝང་ཟམོ་བ་འདྲ།།སིའུ་ཟེརཝ་ད་སྡོད་བཏུབ།།ཨོལ་ཧོདམ་ཟེརཝ་ད་བྱེ་སྟེར།
༦ ཤེས་ཀྱང་མི་ལུ་དྲིས།། མགྱོགས་ཀྱང་རྟ་ལུ་བཞོན།།
༧ ཤེས་ཚད་རོགས་ལུ་མ་སྟོན།། མཁསཔ་རོགས་ཀྱིས་འབད་འོང་།།
༨ ཤེས་པའི་མི་ལུ་སྟོན་མི་དགོ། རྣོ་བའི་གྱི་ལུ་བདར་མི་དགོ།
༩ ཤར་ཕྱོགས་རྒྱལཔོ་ལུ་ཕྱག་འཚལཝ་ད།། ནུབ་ཕྱོགས་རྒྱལཔོ་ལུ་ཨུབ་བཏོན།།
༡༠ ཤིང་མགལ་གཅིག་གིས་མེ་མི་འབར།།མཛུབ་མོ་གཅིག་གིས་གནམ་མི་རྡོལ།།