སུའི་དྲཱན་ལུ་འཛིན་སྐྱོང་གི་སླབ་སྦྱོང་སྐབས།


ནུབ་ཕྱོགས་ཡུ་རོབ་སུའི་དྲན་རྒྱལ་ཁབ་ཀྱིས་ ལོ་བསྟར་བཞིན་དུ་འགོ་འདྲེན་འཐབ་སྲོལ་ཡོད་པའི་ རྒྱང་བསྒྲགས་དང་འབྲེལ་བའི་འཛིན་སྐྱོང་གི་སློབ་སྦྱོང་འདི་ སྤྱི་ལོ་༢༠༠༩ལུ་ གོང་འཕེལ་འགྱོ་བའི་བསྒང་ཡོད་པའི་རྒྱལ་ཁབ་ཀྱི་གྲས་ལས་ འབྲུག རྒྱ་ནག ཨིན་དྲོ་ནེ་ཤི་ཡ། བེཊ་ནམ། སོག་པོ། མཱན་མར། ཇཱར་མ་ནི། ཛིམ་བཱ་བི་ཡ། ཏཱན་ཛི་ནེ་ཡ། སིར་ལང་ཀ ཨཱཕ་རི་ཀ ཨིན་དྲོ་ནེ་ཤེ་ཡ། ར་ཤི་ཡ་རྒྱལ་ཁབ་ནང་ལས་ རྒྱང་བསྒྲགས་དང་རྒྱང་མཐོང་ནང་ལཱ་འབད་མི་མི་ངོམ་༢༤གི་གྲངས་སུ་ འབྲུག་རྒྱལ་ཁབ་ནང་ལས་ ང་གིས་བཅའ་མར་གཏོགས་ཅི།
FB_IMG_1449352582472ཟླ་ངོ་གཅིག་སློབ་སྦྱོང་སྐབས་ བདུན་ཕྲག་དང་པ་འདི་ སུཡི་དྲཱན་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ ཨེས་ཊོག་ཁོ་ལོམ་ལུ་འགོ་འདྲེན་འཐབ་ཨིནམ་ད། དེའི་སྐབས་ལུ་གཙོ་བོ་ སུའི་དྲཱན་རྒྱང་བསྒྲགས་དང་རྒྱང་མཐོང་གི་སྲིད་བྱུས་དང་ གནས་ཚུལ་བསྡུ་ལེན་དང་ ལས་རིམ་བཟོ་བའི་སྐབས་ལུ་ སྤྱིར་བཏང་མི་མང་དང་འབྲེལ་བ་འཐབ་ཐངས་དང་ ལས་གཡོགཔ་དང་མཐུན་འབྲེལ་དང་ འཛིན་སྐྱོང་གི་སྐོར་ལས་སྟོནམ་ཨིན་པས།

 

བདུན་ཕྲག་གཉིས་པ་དེ་ རྒྱལ་ས་ལྟེ་བ་ལས་ཀི་ལོ་མི་ཊར་༥༠༠ལྷགཔ་ཅིག་གི་ས་ཁར་ ཇོན་ཀོ་པིང་ཟེར་བའི་ཁྲོམ་ཚོགས་སྦོམ་ནང་འགོ་འདྲེན་འཐབ་ཡོདཔ་ད། དེ་སྐབས་ ལས་རིམ་གྱི་འཆར་གཞི་བརྩམ་ཐངས་དང་ དངོས་སུ་རྒྱང་བསྒྲགས་ཞུ་སྲོལ་སྟོནམ་ཨིན་པས།
FB_IMG_1449354656850FB_IMG_1449354771880
མཐའ་མཇུག་ལོག་སྟེ་ར་ རྒྱལ་ས་ལྟེ་བར་ ཟ་ཁང་སྦོམ་ཤོས་ཅིག་ཨིན་མི་ སི་ནོ་ཡ་ཟ་ཁང་ནང་སྦེ་ གནད་དོན་གཙོ་བོ་མི་སྡེ་དང་འབྲེལ་བ་འཐབ་ཐངས་དང་ རྒྱང་བསྒྲགས་དང་རྒྱང་མཐོང་གི་ཞབས་ཏོག་ལུ་དང་འདོད་བསྐྱེད་བཅུག་ནིའི་ཐབས་ལམ་བཏོན་ནི་ལུ་གཙོ་བོར་སྟོནམ་ཨིན་པས།

 

%d bloggers like this: