ཆགས་ཞེན་གྱི་རྒྱུ།


mmexport1458915430051ལས་ལ་གང་བཀོད་མ་གཏོགས།།སྣང་བ་གང་ཤར་མི་ནུག། ཟེར་སླབ་དོ་བཟུམ་སྦེ་ སྔོན་གྱི་ལས་དང་ ད་ལྟོའི་རྐྱེན་ང་རའི་ཉེ་ཚན་ཚུ་གི་ཐུགས་འདོད་དང་འཁྲིལ་ཏེ་ སྤྱི་ལོ་༡༩༩༠ལུ་ ང་རང་སྐྱེས་ལོ་༢༤ལངམ་དང་ ཐིམ་ཕུག་བར་པའི་ས་ ཝང་ཁ་དྲུང་མའི་སྣག་ཚང་ནང་ལས་ཨིན་མི་ དེ་སྐབས་སྐྱེས་ལོ་༡༧ལང་མི་ ཀུན་ལེགས་ཆོས་འཛོམས་དང་ གནམ་བསྐོས་འཛོམས་ཏེ་ གཉེན་གྲོགས་སྡོམ་ཡོདཔ་ཨིན།

mmexport1458833996173

jamyang chodon

བུམོ་སྦོམ་ཤོས་འཇམ་དབྱངས་ཆོས་སྒྲོན

ཚེ་སྔོན་ལས་ཀྱིས་བཀོད་པའི་ ངེའི་བུམོ་སྦོམ་ཤོས་འདི་ སྤྱི་ལོ་༡༩༩༥ལོར་ ཐིམ་ཕུག་སྨན་ཁང་ནང་སྦེ་སྐྱེས་ཡི། སྐྱེས་ལོ་༥ལས་ བར་པའི་ས་སློབ་གྲྭ་ཆུང་བའི་ནང་བཙུགས་ཡོདཔ་མ་ཚད་ ཅང་ཇི་ཇི་དང་ ལུང་བསྟན་ཟམ་པ་སློབ་གྲྭ་འབྲིང་མ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་ཆེ་བ་ལས་ ཆུང་རིམ་ཤེས་ཡོན་མཐར་འཁྱོལ་ཡོད། དེ་ལས་སྤྱི་ལོ་༢༠༡༦ལུ་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ལས་ཚོག་རིག་གི་མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཡི།
མོ་རང་སེམས་སྤྱང་པའི་ཁར་ སྙིང་རུས་ཆེ་དྲགས་ ཕམ་དང་རྒན་ཤོས་ལུ་གུས་ཞབས་དང་ འདྲ་མཉམ་དང་ཆུང་ཤོས་ལུ་བརྩེ་བ་དང་བྱམས་སྐྱོང་བསྐྱེད་མི་ཅིག་ཨིན།

 

 

 

20160821_091602
བུམོ་ཆུང་ཤོས་འཇམ་དབྱངས་ཆོས་སྐྱིད།

ངེའི་བུམོ་ཆུང་ཤོས་འདི་ སྤྱི་ལོ་༢༠༠༠ལོར་ ཐིམ་ཕུག་སྨན་ཁང་ནང་སྐྱེས་ཡི། སྐྱེས་ལོ་༥ལས་ བར་པའི་ས་སློབ་གྲྭ་ཆུང་བའི་ནང་བཙུགས་ཡོདཔ་མ་ཚད་ བར་པའི་ས་འབྲིང་རིམ་སློབ་གྲྭ་དང་ ད་ལྟོ་མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་ཆེ་བའི་ནང་ཡོན་ཏན་སྦྱངས་པའིབསྒང་ཡོད།

 

dd
བུ་སྦོམ་ཤོས་འཇམ་དབྱངས་རིག་ལྡན

ངེའི་བུ་སྦོམ་ཤོས་འདི་ སྤྱི་ལོ་༡༩༩༧ལོར་ བར་པའི་སར་སྐྱེས་ཡི། སྐྱེས་ལོ་༥ལས་ བར་པའི་ས་སློབ་གྲྭ་ཆུང་བའི་ནང་བཙུགས་ཡོདཔ་མ་ཚད་ བར་པའི་ས་འབྲིང་རིམ་སློབ་གྲྭ་དང་ སྐལ་སྐྱིད་སློབ་གྲྭ་ནང་ལས་སློབ་རིམ་༡༢པ་མཇུག་བསྡུ་ཡི། ད་རེས་ནངས་པ་ལྟ་བཤལ་ལམ་སྟོན་པའི་ལཱ་འབད་བཞིན་ཡོད།

 

 

 

 

JKW
བུ་ཆུང་ཤོས་འཇམ་དབྱངས་སྐལ་བཟང་དབང་ཆེན།

ངེའི་བུ་ཆུང་ཤོས་འདི་ སྤྱི་ལོ་༢༠༠༥ལོར་ ཐིམ་ཕུག་སྨན་ཁང་ནང་ལུ་སྐྱེས་ཡི། སྐྱེས་ལོ་༥ལས་ བར་པའི་ས་ཌོག་ཀྲར་སྟོབས་རྒྱས་སློབ་གྲྭ་ཆུང་བའི་ནང་བཙུགས་ཡོདཔ་མ་ཚད་ ད་རིས་ནངས་པ་འཇིགས་མེད་རྣམ་རྒྱལ་སློབ་གྲྭ་ནང་ཤེས་ཡོན་སྦྱངས་པའི་བསྒང་ཨིན།