གནམ་མཁའི་འབྲུག


འཛམ་གླིང་ནང་ སེམས་ཅན་གྱི་གྲས་ལས་ གཟུགས་རིང་ཤོས་དང་ ལག་པར་ནོར་བུ་བཤེད་ བར་སྣང་ཁམས་ལུ་འུར་སྒྲ་གིས་ཁྱབ་པའི་འབྲུག་འདི་ ལོ་ངོ་སྟོང་ཕྲག་གི་སྔོན་མ་ལས་ གོས་ཆེན་གུ་རིས་མོ་བྲིས་ཏེ་ཡོད་པའི་སྲོག་ཆགས་ཅིག་ཨིན་པས། འབྲུག་ལུ་དབྱེ་བ་རྒྱགས་ཚད་ཡོདཔ་མ་ཚད་ གཟུགས་ཀྱི་སྦོམ་ཆུང་དང་ བཟོ་ལྟ་མི་འདྲཝ་ འཚོ་བ་སྐྱོང་ཐངས་དང་སྡོད་ཐངས་ཚུ་ གངས་རོང་རྫ་རོང་། རྒྱ་མཚོ། གནམ་མཁའ་ལུ་སྡོད་དོ་ཡོདཔ་ཨིན་པས། གཟུགས་ཀྱི་རིང་ཚད་ལ་མི་ཀྲར་༢༢དང་། གཟུགས་ཀྱི་མཐོ་ཚད་མི་ཀྲར་༣.༥དང་གཟུགས་ཀྱི་ལྗི་ཚད་ཀྲཱན་༤༠ནས་༥༠བར་ན་ཡོདཔ་ ཨིན་པས།

q
སྔོན་མ་གི་དུས་ལུ་ འབྱོགཔ་ཅིག་ གངས་བར་ནང་ལས་ཕར་ གཡག་འཚོལ་ཏེ་འགྱོ་བའི་སྐབས་ལུ་ ལམ་ཁཝ་གིས་བསུབས་ཏེ་ཡོད་མི་དེ་ཁ་ལས་ གེད་ཏ་རྐྱབ་སྟེ་ ས་དོང་སྦོམ་ཅིག་ནང་བུད་དེ་དྲན་མེད་ཡར་སོ་ནུག ཨ་ཙི་ཅིག་ཁ་ལས་དྲན་ཟུན་ཏེ་འབད་རུང་ རྫ་རོང་ནང་དཀར་ཁུང་མེད་ནི་འདི་གིས་ ག་ནེ་ཡང་མཐོང་མ་ཚུགས་པས། ཨིན་རུང་ཡུདཔ་ཅིག་ཁ་ལས་ གྱི་གུ་ཅིག་ནང་ལུ་མེ་དམར་ཆེམ་ཆེམ་ཅིག་མཐོང་སྟེ་ འགྲོས་ཀྱིས་སྦེ་བཤུད་ཅི་བཤུད་ཅི་སོང་སྟེ་ལྟཝ་ད་ སེམས་ཅན་འདྲོག་སི་སི་ཅིག་གི་ལག་པར་ ནོར་བུ་རིན་པོ་ཆེ་ཅིག་ཡོད་མི་དེ་ ལྕེ་ལྡག་སྟེ་སྡོདཔ་མ་གཏོགས་ ཁོ་ལུ་གནོད་པ་བཀལ་ནིའི་འབད་གཞག་ག་ནེ་ཡང་མ་སྟོནམ་ཨིན་པས།
འབྱོགཔ་འདི་ ས་ཁོངས་འདི་ནང་ལས་འཐོན་མ་ཚུགས་པ་ ཉིན་ཞག་བུབ་གཅིག་ཡར་སོངམ་ལས་ ལྟོཝ་བཀྱེས་ཁ་སྐོམ་སྟེ་འབད་མ་ཚུགས་རུང་ སེམས་ཅན་འདི་ ག་ནེ་ཡང་ཟ་ནི་མེད་པ་ དེ་སྦེ་རང་སྡོད་ཚུགས་མི་ལུ་ཧ་ལས་ཏེ་ ཚར་ཅིག་བ་ཚར་ཅིག་ སྦོ་ལོགས་ཁར་གཞིབ་སྟེ་ འབྲུག་གི་གཟུགས་ཀྱི་དྲོད་ ཁོ་གི་གཟུགས་ཁར་རེག་པའི་བསྒང་ལས་ ཧེ་མ་བཟུམ་སྦེ་ ལྟོཝ་བཀྱེས་ནི་དང་ཁ་སྐོམ་ནི་ཟེར་ཡང་མེད་པར་ ཡུན་རིངམ་ཡར་སོ་ནུག།

sdss
དེ་ལས་རིམ་གྱིས་ གནམ་བྱཱར་རན་པའི་བསྒང་ལས་ འབྲུག་ཕྱི་ཁར་འཐོན་ནི་སྦེ་ གཟུགས་ཆིར་ཆིར་བཏང་སྟེ་ ཚར་གཅིག་ལས་ཚར་ཅིག་ཤུགས་ཆེ་སུ་སྦེ་སྤརཝ་ད། འབྱོགཔ་འདི་གིས་ཡང་ གོ་ལེ་སྦེ་འབྲུག་གི་སྒལ་ཏོ་གུ་བཞོན། ལགཔ་འབྲུག་གི་ཟེའུ་གུ་སྒྲིང་སྒྲི་སྦེ་བཤེད་དེ་སྡོད་ནུག དེ་ལས་ཟླཝ་གཉིསཔ་ཚེསཔ་ཅིག་ འབྲུག་འདི་ གནམ་མེད་ས་མེད་འུར་སྒྲ་དང་བཅསཔ་སྦེ་ རྫ་རོང་ནང་ལས་འཐོན་ཏེ་ བར་སྣང་ཁམས་ལས་ཕར་འཕུར་འགྱོ་བའི་སྐབས་ ཐང་སྦོམ་ཅིག་གི་ཐད་ཁར་ འབྱོགཔ་འདི་ས་ཁར་བུད་སོང་རུང་ གཟུགས་ལུ་གནོད་པ་སྦོམ་ཅིག་མ་བྱུང་པས།  ལ་ལུ་ཅིག་གིས་འབད་བ་ཅིན་ འབྲུག་འདི་དངོས་སུ་སྦེ་མཐོང་མི་ཚུགསཔ་མ་ཚད་ ཏན་ཏན་ཡོད་ཟེར་ཁུངས་བཀལ་ཚུགས་མི་ཡང་མེད་ཟེར་བའི་ལོ་རྒྱུས་འདུག འཇིག་རྟེན་པའི་སྣང་བ་ལུ་ གནམ་བྱཱར་འབྲུག་ལྡིརཝ་ཟེར་བའི་སྒྲ་སྐད་འདི་ གནམ་ལྕགས་དང་ ས་ཆུ་གཉིས་གཅིག་ཁར་རེགཔ་ད་ མེ་ཟིམ་དང་འཐོན་ཏེ་ འུར་སྒྲ་བྱུངམ་ཨིནམ་སྦེ་བཤདཔ་ཨིན་པས། དེ་འབདཝ་ད་ དངོས་སུ་མེད་པ་ཅིན་ དང་པ་འབྲུག་ཟེར་བའི་མིང་བྱུང་དགོཔ་མེདཔ་མ་ཚད་ འབྲུག་དང་ནང་པའི་ཆོས་ཀྱི་བར་ན་འབྲེལ་གནད་ཆེ་དྲགས་སྦེ་ཡོད་མི་དེ་ལུ་ བདེན་ཁུངས་དང་ཡིད་ཆེས་བྱུང་མ་ཚུགས་པའི་སྐྱོན་ཅིག་མེན་ནམ་ཟེར་མནོཝ་མས།

ལྟག་ལུ་སྲུང་དང་དགོད་བྲ་ལུ་གཟིགས།
 

%d bloggers like this: