འབྲུག་པའི་གདུང་བརྒྱུད།


རྟ་ལོག་ཚེས་བཅུའི་སྐབས་ལུ་རྐྱབ་སྲོལ་ཡོད་པའི་ ཞབས་ཁྲ་མ་ནེ་གསུམ་གྱི་གྲས་ལས་གཅིག་ཨིན་མི་ འབྲུག་པའི་གདུང་བརྒྱུད་ཟེར་བའི་གླུ་གཞས་འདི་ འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ཐུགས་སྤྲུལ་ལྔ་པ་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱི་ ཡབ་དཀོན་མཆོག་དབང་འདུས་དང་ ཡུམ་སེང་གེ་སྒྲོལ་མ་གཉིས་ཀྱི་སྲས་ཞབས་དྲུང་འཇིགས་མེད་ཆོས་རྒྱལ་འཁྲུངས་པའི་སྐབས་ ཡུམ་སེང་གེ་སྒྲོལ་མ་གིས་ ཕྱག་གཉིས་ཐལ་མོར་སྦྱར་ཏེ་ འབྲུག་པའི་གདུང་བརྒྱུད་ཟེར་རུང་ང་ར་ཨིན། ངག་དབང་རྣམ་རྒྱལ་འཁྲུངས་མི་ ཡུམ་ཆེན་ཟེར་རུང་ང་རང་ཨིན་ཟེར་གསུངས་ཞིནམ་ལས་ ཡབ་དཀོན་མཆོག་དབང་འདུས་ཀྱི་སྐུ་མདུན་ལུ་ འབྲུག་པའི་གདུང་བརྒྱུད་ཟེར་བའི་ གཞུང་སྒྲ་འདི་གདངས་དབྱངས་དང་བཅས་འཐེན་ནུག་ཟེར་ཨིན་པས།

དེ་ལས་ཤུལ་མ་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་མཆོག་ གོང་མའི་གདན་ས་རྟ་ལོག་གསང་སྔགས་ཆོས་གླིང་ལུ་བཞུགས་པའི་སྐབས་ ཨ་རྒས་བསོད་ནམས་དོན་གྲུབ་ཀྱིས་ རྟ་ལོག་ཚེས་བཅུའི་སྐབས་ གླུ་གཞས་ཀྱི་རིམ་པ་སྒྲིག་པའི་ནམ་དུས་ལུ་  རྟ་ལོག་གི་ཞབས་ཁྲའི་ཤོག་གྲིལ་ནང་ལུ་  ཞབས་ཁྲ་མིང་ཅན་མ་ནེ་གསུམ་གྱི་གྲས་ གཅིག་འབྲུག་པའི་གདུང་བརྒྱུད་ཟེར་མི་ཞབས་ཁྲ་འདི་ཨིནམ་ལས་ ལོ་བསྟར་རྟ་ལོག་ཚེས་བཅུའི་སྐབས་ལུ་མ་གཏོགས་ གཞན་དགའ་སྟོན་འབྲེལ་དང་ལོ་མཆོད་ཀྱི་སྐབས་ལུ་ རྩ་ལས་རྐྱབ་མ་ཆོགཔ་སྦེ་ཕྱག་ཐམ་བཀའ་རྒྱ་ཅནམ་གནང་སྟེ་འདུག ཞབས་ཁྲ་འདི་བྱིན་རླབས་ཆེ་ནི་འདི་གིས་ རྟ་ལོགཔ་ཚུ་གིས་རྐྱངམ་ཅིག་མ་གཏོགས་ གཡུས་སྒོ་གཞན་གྱི་མི་ཚུ་གིས་ ག་དེ་སྦེ་ལྷབ་སྟེ་འཐེན་རུང་ གདངས་དབྱངས་ངོ་མ་བཟུམ་སྦེ་རྩ་དག་སྤུ་ལས་འགྱོ་མི་བཏུབ་ཨིན་པས།

 

Leave a comment

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s

This site uses Akismet to reduce spam. Learn how your comment data is processed.

%d bloggers like this: