ཁྱོད་སྣང་སའི་དལ་འབྱོར་མི་ལུས་འདི།


རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ རིགས་བཟང་གི་མཁའ་འགྲོ་མ་ ཨ་ཞེ་སྣང་ས་འོད་འབུམ་འདི་ ཀུ་ན་ཆུང་ཀུ་བསྒང་ལས་ ཆོས་ལུ་བྱོན་ནིའི་ཐུགས་འདོད་སྦོམ་ཡོད་རུང་ དགུང་ལོ་༡༥ལུ་མྱང་སྟོད་རི་ན་གི་རྒྱལཔོ་སྒྲ་ཆེན་གྱི་སྲས་གྲགས་པ་བསམ་གྲུབ་ཀྱི་ བཙུནམོ་སྦེ་བཀྲིས་མངའ་གསོལ་ཞུ་སྟེ་འབད་རུང་ ལས་འཕྲོ་ཆོས་ལུ་ཡོད་ནི་འདི་གིས་ ཞིང་ཁར་དཀར་རྔ་སྟེ་བཞུགས་པའི་སྐབས་ལུ་ ཆོས་ལུ་བསྐུལ་མ་གནང་ནིའི་དོན་ལུ་ རྗེ་བཙུན་རས་ཆུང་རྡོ་རྗེ་གྲགས་པ་དང་ ཉེ་གནས་རིན་ཆེན་གྲགས་པ་དཔོན་གཡོག་གཉིས་ཀྱིས་ འདས་ལོག་ཨ་ཞེ་སྣང་ས་ལུ་མགུར་མ་གསུངས་པའི་ཚིག་ཚུ་ ཤུལ་ལས་གདངས་བཟོ་སྟེ་དར་ཁྱབ་སོང་ནུག།

%d bloggers like this: