པ་ཏྲའི་རིགས་ཚུ་འབྲུག་པའི་ཁྱད་ཆོས་ཨིན་ན།


སྤྱིར་བཏང་འབྲུག་ལུ་ ལྷ་ཁང་རྫོང་གཞིས་དང་ ཁྱིམ་གྱི་ཀཝ་ཚུ་གུ་ མཛེས་ཆ་ལྡནམ་སྦེ་བརྐོ་སྟེ་ཡོད་པའི་པ་ཏྲའི་རིགས་ཚུ་ འབྲུག་པའི་ཁྱད་ཆོས་མཐུན་མོང་མ་ཡིན་པ་ཨིན་ཟེར་ཁུངས་བཀལ་སྲོལ་ཡོདཔ་ཨིན་རུང་ བཟོ་རྣམ་ཁྱད་པར་མེད་པའི་པ་ཏྲའི་རིགས་མང་ཤོས་ར་ པཱཀིས་ཏཱན་རྒྱལ་ཁབ་ཀྱི་མཛད་ཤུལ་གྱི་ས་ཁོངས་ནང་མཐོང་ཚུགས་པས།

DIGITAL CAMERA

DIGITAL CAMERA

DIGITAL CAMERA

DIGITAL CAMERA

DIGITAL CAMERA

པ་ཀིས་ཏཱན་གྱི་མི་ཚུ་གིས་ཁུངས་བཀལ་དོ་བཟུམ་འབད་བ་ཅིན་ ཤིང་གུ་བརྐོ་མི་པ་ཏྲའི་རིགས་དང་ གསེར་དངུལ་ཟངས་ལྕགས་གུ་སྤྲོས་བརྐོའི་བཟོ་རིག་གི་ལག་རྩལ་འདི་ འཛམ་གླིང་ནང་ འགོ་ཐོག་ར་ གྷིར་སི་རྒྱལ་ཁབ་ནང་ལུ་དར་ཞིནམ་ལས་ རིམ་གྱིས་ ཨཕ་གྷནིས་ཏཱན་ལས་བརྒྱུད་དེ་ པ་ཀིས་ཏཱན་ལུ་དར་ནུག་ཟེར་ཨིན་པས། པ་ཏྲའི་རིགས་ཚུ་གཙོ་བོ་ར་ནང་པའི་ཆོས་ཀྱི་གོ་དོན་སྟོན་པའི་བརྡ་མཚོན་ལུ་ཨིནམ་ལས་ ཤུལ་ལས་ནང་པའི་ཆོས་དར་སའི་རྒྱལ་ཁབ་ཚུའི་ནང་དར་ཞིནམ་ལས་ པ་ཀིས་ཏཱན་ལས་སྦེ་རྒྱ་ནག་ལུ་དང་ རྒྱ་ནག་ལས་བོད་དང་འབྲུག་ལུ་དར་དརཝ་མེན་ན་ཟེར་མནོཝ་མས། ཨིན་རུང་ང་རའི་བསམ་འཆར་ཙམ་ཅིག་ཨིནམ་ལས་ འཛོལ་བ་འབྱུང་པ་ཅིན་དགོངས་ཁྲེལ་མེདཔ་ཅིག་མཛད་གནང་ཟེར་གསོལ་འདེབས་ཞུཝ་ཨིན་ལགས།