ཨ་སྡེ།


༡ ཨ་ཙ་ར་པད་དཀར་དོར་མ་གཏའ་མེད་པར།།པངྨ་སྒྲོལམ་ཐག་རས་ཉིས་བརྩེགས་མས།།གཅིག་ལུ་ལྷག་རུང་ གཅིག་ལུ་ཆད་དེ་ ཕྱོགས་རིས་ཕྱེ་བའི་དོན།
༢ ཨ་ལོ་མ་སྔུནི་ཨའི་གིས་ཨོམ་མི་བྱིན།།རང་གི་དཀའ་ངལ་ཡོད་མི་དེ་ གསལ་མ་སླབ་པ་ཅིན་ རོགས་ཀྱིས་གྲོགས་རམ་མི་འབད་བའི་དོན།
༣ ཨ་ལོ་དགའ་བ་ཇོ་ཇོ་སྐྱིདཔ།།
༤ ཨ་ལོ་སྔུ་ས་ཨའི་ཕང་མར།། འོག་མའི་སྐྱིད་སྡུག་ཞུ་ས་གོངམ་ལུ་ཟེར་བའི་དོན།
༥ ཨ་ལྕོ་ལས་གླུ་མེད།།ཕན་ཏོ་ལས་གཞས་མེད།། ཕར་ལོགམ་གིས་རང་ལུ་ཆ་བཞག་བརྩེ་གདུང་མེད་པ་ཅིན་ རང་གི་ཁ་ཐུག་ལས་ཡང་ དེ་དང་བསྟུན་པའི་ལན་འཇལ་བའི་དོན་  དག་ཨིན་པས།
༦ ཨ་ནི་ཐུགས་རྗེ་ཅནམ་ཡོདན།། གེ་སར་རྒྱལཔོ་ག་གིས་ཡང་ལྕོགས།།
༧ ཨརཝ་ནང་ན་བཞག། ལྡེ་མིག་ཕྱི་ལས་རྐྱབ།།
༨ ཨ་ལོ་དགའ་བ་ཇོ་ཇོ་སྐྱིདཔ།།

%d bloggers like this: