ས་སྡེ།


༡ གསིག་གསིག་དང་འབག་འབག་བརྗེས།།རང་གིས་རོགས་ལུ་གནམ་མེད་ས་མེད་ཅིག་ག་ནེ་ཡང་འབད་མ་ཚུགས་རུང་ རོགས་ལས་སྦོག་འདུའི་དོན།
༢ སེམས་གསལཝ་ལུས་ཀྱི་དགྲ།།ག་ཅི་ར་འབད་རུང་ སྒྱིད་ཐག་ཡང་འཕྲོས་འཕྲོས་སྦེ་ གཞན་གྱིས་མ་ཤེསཔ་རང་གིས་འབད་དགོཔ་དང་ འུ་སྡུག་པའི་དོན།
༣ སངས་མ་རྒྱས་པའི་སེམས་ཤུགས་ཆེ།།
༤ གསིག་པ་ལྷ་གིས་གསིག།མ་པ་རང་གིས་གསིག།
༥ རང་གཟུགས་བཙོང་པ་ཚོང་དཔོན་མི་དགོ། ཞལ་ཐང་དཔྱང་པ་གཟར་ཤིང་མི་དགོ།
༦ བསོད་བརྡལ་མེད་པའི་གདོང་ལས་འབྱོག་མི་ཐལ།།
༧ བསོད་ནམས་ཅན་གྱི་ཞོལ་ལས་ཟ་མི་ཚར།།  
༨ སེམས་ལས་ངན་པའི་དུག་ཆུ་འཛག། དཀར་བའི་དགའ་འཛུམ་ཕྱི་ལས་བཏོན།།
སེམས་མནོ་ནི་མངན་འདྲེ་དང་འཕྱད།། བགོམ་སྤོ་རྒྱ་མངན་རྡོ་དང་འཕྱད།།
༡༠ གསིག་པ་ལྷ་གིས་གསིག། མ་པ་རང་གིས་གསིག།
༡༡ སེམས་རང་སེམས་བ་གསལཝ་མེད།། ཆུ་དགུན་ཆུ་བ་དྭངསམ་མེད།།
༡༢ སེམས་ཅན་སྟག་གི་རི་མོ་ཕྱི་ལས།། མགུ་ནག་མིའི་རི་མོ་ནང་ལས།།
༡༣ གསེར་སྲང་བརྒྱ་ལས་ཡོན་ཏན་སྣ་གཅིག་དགའ།།
༡༤  བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།།
 

 

 

%d bloggers like this: