མ་རངས་པའི་ཚིག།


 

རྡོ་ཨིན་ཀྲག་ཀྲ་དང་། །ལྕགས་ཨིན་སིང་སིང་།།

ཨིན་ན་མེན་ན་བལྟཝ་ད་ཤེས། །རྡོ་རྗེ་གྲོ་ལོད་འཆམ་དང་ཤེས། །

བྱིན་གེ་ཟེར་བ་དགའ་མི་དགོ། ཕྱད་གེ་ཟེར་བ་འདྲོག་མི་དགོ།

མི་ངན་གྱིས་གཡུས་དཀྲུགས། །བྱ་ངན་གྱིས་གདངས་དཀྲུགས།།

ཁ་ལམ་ཆུང་རུང་མེ་ཏོག །དུང་ཤིང་སྦོམ་རུང་ཁོང་སྟོང་།།

ཁྱི་དང་བུད་མེད་ཨོ་རོག་གསུམ། །སྦྱིན་པ་བཏང་པའི་ཡུལ་ཡིན།།

དགྲ་ཆུང་དུས་ལས་བཏུལ། །མེ་ཆུང་དུས་ལས་བསད།།

གཟུགས་རང་གིས་སྦོམ་རུང་། །དྲནམ་རོགས་ཀྱིས་བཙུགས།།

སྤར་བ་སྤར་སའི་ས་མེད། །སྤར་པའི་སློབ་དཔོན་གཡས་ལས་མས།།

རྩིས་བ་རྩིས་སའི་ས་མེད། །རྩིས་པའི་སློབ་དཔོན་གཡོན་ལས་མས།།

ཆུ་མེད་པའི་ཟམ་རྐྱབ། །ཁག་མེད་པའི་འགན་འབག།

མི་ལུ་བཀལ་བའི་ངོ་ཚ། །རྟ་ལུ་བཀལ་བའི་ཁུར་ཆ།།

ཞནམ་མཐོངན་བཀོལ་དགོ་མནོ། །དྲགཔ་མཐོངན་བྱིན་དགོ་མནོ།།

སེམས་ཅན་སྟག་གི་རི་མོ་ཕྱི་ལས། །མགུ་ནག་མིའི་རི་མོ་ནང་ལས།།

ཁེ་རྒོ་གླངམོ་ཆེ་ལུ་ཡོད་རུང་། །ཡར་ཕོམ་ཀི་ཤི་གིས་ཡང་རྐྱབ་ཨིན།།

ཞནམ་མཐོ་སར་བཀལན།། ཆུ་ཡང་བྱེ་གིས་འཇལ།།

མདའ་རྐྱབ་ལུགས་མི་གཙོ་གཏད་ལུ་གཙོ།། བློ་སླབ་ལུགས་མི་གཙོ་ཉན་ལུགས་གཙོ།།

ཁུར་ཆ་གཡག་གིས་འབག། སྐད་འབྱོགཔ་གིས་རྐྱབ།།

ཀོཝ་ཉི་མའི་དྲོད་དང་བསྟུན་འཕུར།། ཐགམ་ཉི་མའི་དྲོད་དང་བསྟུན་བརྡལ།།

 

 

 

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s