བསླབ་བྱ་དང་འབྲེལ་བ།


  1. བསླབ་བྱ།

  2. ཕ་རྒས་པ་མནོ་སྟེ་བུ་གསོ། །

  3. རྟ་གསོ་བའི་དྲིན་རྡོག་པ་འཇལ།། རང་ཟ་བའི་བང་ཅུང་ནང་ཨ་བ་བཏང་།།

  4. ལྟོ་རྩིས་ཕ་དང་བུ། །དྲིན་ལན་ཞར་དང་ཞོར།།

  5. ཕ་སླབ་པའི་ཁ་ལུ་མ་ཉན།། བུ་རུས་སྦལ་ཁ་ལས་ཤིང་ཤོར།།

  6. ཕ་བཟང་གི་བུ་དང་།། གྱི་བཟང་གི་ཤུབས།།

  7. སྐྱེས་ཚད་བུ་ལུ་མི་འགྱུར།། བསགས་ཚད་ནོར་ལུ་མི་འགྱུར།།

  8. ཤ་ཚ་བའི་ཁ་ལས་གཏམ་ཧནམ་མི་འཐོན།།

  9. རྒས་ཁར་ཕནམ་བུ་གཞི།། འཆི་ཁར་ཕནམ་ལྷ་ཆོས།།

  10. ཕ་བཟང་གི་བུ་དང་།། གྱི་བཟང་གི་ཤུབས།།

  11. རྟ་ཅིག་འོངན་རྟིའུ་ལས།། མི་ཅིག་འོངན་ཆུང་ལས།།

  12. བུ་མཁས་རུང་ཕ་མའི་བསླབ་བྱ་དགོ། ཚོང་མཁས་རུང་སྔོན་བསགས་བྱིན་འབྲས་དགོ།

  13. ཆུང་ཚེ་ཀ་ཁ་མ་ལྷབན།། སྦོམ་ཚེ་ཡིག་ངོ་མི་ཤེས། །

  14. དགོ་སར་ཕན་པའི་བུ་གཞི། །ཤི་སར་ཕན་པའི་ཆོས། །

  15. ལྟོ་རུང་ཕ་གཞིས་མ་བཙོང་། །སྐོམ་རུང་སྨྱོ་ཆང་མ་འཐུང་། །

  16. ཁུར་ཨ་པས་འབག་ཚེ་འཇམ་འཇམ་འདྲ།། ཟས་ཨ་མས་ཟ་ཚེ་ཞིམ་ཞིམ་འདྲ།།

  17. གོམས་སྤོ་གྱངས་མངནི་རྡོ་དང་ཕྱད། །སེམས་མནོ་གྱངས་མངནི་འདྲེ་དང་ཕྱད། །

  18. ཕ་ཤུལ་བུ།། གཡག་ཤུལ་ཀོཝ།།

  19. བློ་བྱག་ཕུག་ལུ་གཏད་།། བྱག་ཕུག་སྟོངམ།།

  20. རྨ་ཁ་ཕནམ་ཅིག་ཡོདན།། རོ་ཁྱིའི་ཚིལ་ལུ་ཨིན་རུང་དབུར།།

ཐུགས་འཆར།