ད་སྡེ།


༡ དྭང་ཆུ་ཟམ་པར་ཉ་བཟུང་ནི་དང་།།མཁོ་ཐང་ཁར་གླང་རྨོ་ནི་རྟགས་མི་མཐུན།། མི་གཅིག་གིས་ལཱ་གཉིས་འབད་བ་ཅིན་ གཅིག་ནང་འཐུས་ཤོར་བའི་དོན།
༢ དང་ཕུ་ལྕང་ཤིང་སྐྱེས་ས།།ད་རེས་བསིལ་དྲོད་མི་ལྡན་པས།།
༣ དརཝ་མངརམོ་ཆུ་གིས་ལྷད།།ཡོདཔ་མེད་སར་བཀལ་བའི་དོན།

༤ རྡོ་ཨིན་ཀྲག་ཀྲ་དང་།། ལྕགས་ཨིན་སིང་སིང་།།
༥ མདའ་རྐྱབ་ལུགས་མི་གཙོ་གཏད་ལུ་གཙོ།། བློ་སླབ་ལུགས་མི་གཙོ་ཉན་ལུགས་གཙོ།།
༦ དོམ་རྒྱབ་ཐལཝ་ད་དཔའ་རྟགས་འབལ།། བླམ་རྒྱབ་ཐལཝ་ད་བསངས་བཏང་།།
༧ དྲག་ཞན་མི་གིས་ཤེས།། མཐོ་དམའ་ཆུ་གིས་ཤེས།། ཡང་ལྗིད་རླུང་གིས་ཤེས།།
༨ དུག་གི་རྩ་བ་བོང་།། ཕུང་གི་རྩ་བ་བུད་མེད།།
༩ འདྲཝ་མེདན་གཉེན་མི་རྐྱབ།།
༡༠ འདོདཔ་ཆེ་ན་ཀུན་དང་བྲལ།། འ་ནེམ་ཅིག་གིས་བཏུབ་པས་ཟེར་ཆོག་མ་ཤེས་པར་ འདོད་པ་ཆེ་བ་ཅིན་ ཆ་རོགས་ག་གིས་ཡང་མིག་ཁར་མ་རྐྱབ་ལས་ ཟུར་ཁར་འཐོན་པའི་དོན།

 

%d bloggers like this: